འཚོ་བའི་ཉིན་སྲིབ་ཀྱི་ན་བུན།

ལྡེའུ་ནག        2023-10-26

སྲོད་ཀྱི་མུན་པ་འཚང་བའི་དགོང་མོ་འདིར། །

ང་ཡི་སེམས་པ་སྔངས་སྐྲག་ཅིག་གིས་འདར། །

ཁྲེལ་གཞུང་ཟེའུ་འབྲུའི་གསོས་པའི་གཡུ་སྦྲང་དེ། །

བདག་དང་རྒྱང་ཐག་བཀྱེད་པའི་སྣང་བ་ཤར། །

འདི་ནི་དོན་དངོས་འཚོ་བ་མིན་པར་ཤོག །

དེ་སྔར་མི་ཚེའི་ནམ་མཁའ་སྟོང་པའི་ངོས། །

ཤར་ཙམ་བྱས་རྗེས་སླར་ཡང་མག་མོག་གྱུར། །

དེ་དག་བརྩེ་བའི་ཟིལ་བ་འཐོར་བའི་ཡུལ། །

ཡུན་རིང་སོང་རྗེས་འདས་དོན་ཞིག་ཏུ་ཆགས། །

སླར་ཡང་དྲན་པའི་ངོགས་སུ་ཝ་ལེར་འཁོར། །

སྐབས་འགར་རང་སེམས་ལྷོད་དུ་གྲོལ་བའི་ཚེ། །

གྱེས་བྲལ་སོང་བའི་རིགས་ལ་ཁ་གཏད་ནས། །

སྔར་གྱི་རྙོག་འཛིང་ཡིད་ལ་འཁོར་ཐེངས་རེར། །

བདག་གི་སེམས་ལ་རྣམ་རྟོག་སྤྲིན་པ་འཁྲིགས། །

སྤྲིན་པའི་གསེབ་ནས་གདུང་བའི་གླུ་སྐད་ཐོས། །

འཁོར་བ་ཆུང་ཆུང་འདི་ཡི་གཞིས་ཀ་ལ། །

མི་འདི་ཤིན་ཏུ་རྨོངས་པའི་འབུ་སྲིན་ཞིག །

མཐོང་ཐོས་དྲན་རིག་སྣ་ཚོགས་མང་དུས་སུ། །

རེ་དོགས་རླབས་ཀྱི་གཙང་པོ་དྲག་ཏུ་བཞུར། །

དེ་ལ་སྡང་བའི་དྲག་ཆར་ཡང་ཡང་འབབ། །



  • ལེ་ཚན་སྔོན་མ།:འབད་བརྩོན།
  • ལེ་ཚན་རྗེས་མ།:དབྱངས་ཅན་དགྱེས་པའི་མགུར།