འདབ་པ་རྫོང་དུ་དམར་ཕྱིའི་པར་ཆས་ལས་གསའ་དང་གཟིག་དོང་ཙེ་མ་མཐོང་།

        2023-11-06

   འདབ་པ་རྫོང་དུ་དམར་ཕྱིའི་པར་ཆས་ལས་གསའ་དང་གཟིག་དོང་ཙེ་མ་མཐོང་།

   ཉེ་ཆར། གསར་འགོད་པས་འདབ་པ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཅུས་དེས་རྒྱལ་ཁབ་རིམ་པའི་ཉི་སྟེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ལས་དོན་དུ་འདབ་པའི་མངའ་ཁོངས་སུ་དམར་ཕྱིའི་པར་ཆས་ལས་གསའ་དང་གཟིག་དོང་ཙེ་མ་ཐོག་མར་མཐོང་བ་རེད།

འདབ་པ་རྫོང་དུ་དམར་ཕྱིའི་པར་ཆས་ལས་གསའ་དང་གཟིག་དོང་ཙེ་མ་མཐོང་།

       ཤེས་རྟོགས་བྱུང་བར་གཞིགས་ན། ཅུས་དེས་རྒྱལ་ཁབ་རིམ་པའི་ཉི་སྟེན་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ཤུགས་ཆེར་སྤེལ་ནས་རྩ་ཆེ་ལ་སྟོང་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ཀྱི་བརྙན་རབ་དང་རིམ་པ་བླངས་ཡོད་པ་རེད། 

     ཉེ་ཆར་བརྟག་དཔྱད་མི་སྣས་ཕྱི་རོལ་དུ་དམར་ཕྱིའི་པར་ཆས་འཇོག་སྐབས་མཚོ་འཕགས་སྨི5000ཡོད་པའི་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ཚད་ལེན་ས་ཚུགས་ནས་གསའ་དང་གཟིག་དོང་ཙེ་མའི་པར་དང་བརྙན་བླངས་པ་རེད།

      གཟིག་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་རིམ་པ་དང་པོ་ཡིན་ཞིང་། མཚོ་འཕགས་སྨི4400ཡས་མས་སུ་འཚོ་བ་དང་། སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་ཡིན།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྤུས་ཚད་མཐོན་པོས་མཚོ་འཕགས་མཐོ་ཤོས་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་ཞིག་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།