རོང་བྲག་རྫོང་གི་སྨན་རམ་ཐོན་ལེགས་བྱུང་ནས་ཡུལ་མིའི་ཡོང་འབབ་འཕར།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-10-30

ཉེ་ཆར། རོང་བྲག་རྫོང་དཔའ་དབང་ཡུལ་ཤོག་ཁ་ཁ་གྲོང་སྡེའི་མུའུ50ལྷག་གི་སྨན་རམ་ལ་ཐོན་ལེགས་བྱུང་ཞིང་། ས་གནས་དེ་གའི་ཡུལ་མི་ཚོས་གོ་སྐབས་དམ་འཛིན་བྱས་ནས་སྨན་རམ་སྡུད་པ་དང་སྐེམ་པ། ཕྱིར་འཚོང་སོགས་ཀྱི་ལས་ལ་བྲེལ་བཞིན་པའི་ལོ་ལེགས་ཀྱི་རྣམ་པས་རབ་དུ་ཁེངས།

2018ལོར་དཔའ་དབང་ཡུལ་ཤོག་ཁ་ཁ་གྲོང་སྡེས་ཡུལ་བབ་དང་བསྟུན་ནས་རྩྭ་སྨན་རྒྱུ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་མུའུ50ལྷག་བཏབ་པ་རེད། ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་ནས་གྲོང་སྡེའི་ཏང་ཀྲི་པུའུ་ཡིས་ས་ཞིང་ནང་བཤུག་བྱེད་རོགས་དང་མཉམ་ལས་ཁང་གི་ཞིང་དུད་ཀྱིས་དོ་དམ་ལག་ལེན་བསྟར་པ་རེད། དོ་དམ་དང་ལས་གཉེར་བརྒྱུད་དེ་ཐོན་ལས་འབབ་འཕར་བྱུང་ཡོད། ལོ4ལྷག་རིང་རྨོ་འདེབས་དོ་དམ་བྱས་ཏེ། ད་ལོ་ཁ་ཁ་གྲོང་སྡེར་ཐོན་ཚད་རྒྱ་མ་ཁྲི12ཙམ་དང་ཐོན་རྫས་རིན་ཐང་སྒོར་ཁྲི70ཙམ་ཟིན་པའི་དགའ་འོས་པའི་འབྲས་བུ་ཐོབ་པ་རེད།

ཁ་ཁ་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དབྱང་ཝུའེ་ཏུང་གིས་ད་ལོའི་སྤྱི་ཟླ9པའི་ཟླ་འགོར་གྲོང་སྡེའི་ཨུ་ལྷན་གཉིས་དང་ས་ཆ་གཞན་གྱི་སྨན་རྩྭའི་ཁེ་ལས་བར་འབྲེལ་བ་བྱས་ནས་ཐོན་ཚད་དང་ཐོན་རྫས་ཀྱི་གནས་ཚུལ་སྤེལ་རེས་བྱས་པར་མ་ཟད་སྦྲག་སྲིད་བརྒྱུད་ནས་དངོས་དཔེ་ཁེ་ལས་ལ་བསྐུར་བ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཁ་ཁ་གྲོང་སྡེའི་སྨན་རམ་འདེབས་འཛུགས་དུད་ཚང་ལ་ཡོང་འབབ་མང་པོ་བྱུང་བ་དང་། མི་སེར་ལ་ཕན་པ་ཐོབ་པའི་ཁར་ད་ཡོད་ཀྱི་སྡོང་ཕྲུག་གི་ལེགས་ཆའང་བསྣན་པས་མང་ཚོགས་ཀྱིས་སྨན་རམ་མུ་མཐུད་དེ་འདེབས་འཛུགས་བྱེད་པའི་ཧུར་སེམས་ཧ་ཅང་ཆེན་པོ་ཡོད་པས་ཚོད་རྩིས་རགས་ཙམ་བྱས་ན་མུའུ65ཙམ་གྱི་འདེབས་འཛུགས་འཆར་གཞི་ཡོད་པ་རེད། ཕྱིན་ཆད་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་སྣེ་ཁྲིད་པ་རྒྱུན་འཁྱོངས་ཏེ་བེད་མེད་རང་དགར་བཞག་པའི་ས་ཆའི་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་ཐོན་ལས་སྟོབས་ཆེར་གཏོང་བ། འདེབས་འཛུགས་ཀྱི་ལག་རྩལ་འགག་སྒོ་ཡག་པོ་སྲུང་བ། བྲིན་ཚོང་གི་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཞིང་ལས་འབབ་འཕར་དང་ཞིང་པ་ཕྱུག་པོར་ཡོང་བར་སྐུལ་འདེད་གཏང་རྒྱུ་རེད།།



  • ལེ་ཚན་སྔོན་མ།: ཕྱག་ཕྲེང་རྫོང་གིས་ཁྲོམ་ར་འཁྲུག་པོར་བརྟེན་ནས་ཞིང་ལས་ཁྱད་ཆོས་ཐོན་རྫས་ཕྱིར་འཚོང་བྱས།
  • ལེ་ཚན་རྗེས་མ།:ཞིང་ཆེན་རིམ་པའི་འགྲན་སྡུར་འདིར་རང་ཁུལ་གྱི་གཟི་བརྗིད་འདི་འདྲ་རེད།
  • དོ་སྣང་ཆེ་བའི་རྩོམ།