ཟླ་དང་པོ་ནས་དགུ་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་ཆིག་ཁྲི་ལྷག་ཙམ་དོན་འཁྱོལ་བྱས་པ།

    མི་དམངས་དྲ་བ་ནས་དྲངས།    2023-11-06

▶འདི་ལོའི་སྤྱི་ཟླ་དང་པོ་ནས་དགུ་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར10750དོན་འཁྱོལ་བྱས་པའི་ནང་མ་དངུལ་སྒོར་དུང་ཕྱུར861བཏང་ཟིན་པ་དེ་སྤྱིར་ན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། རྒྱལ་ཡོངས་སུ་རིགས་ཁག་གི་ཆུ་བེད་རྣམ་གྲངས་ཁྲི2.49གསར་དུ་ལས་འགོ་ཚུགས་པ་དེ་དུས་མཚུངས་ལས་བརྒྱ་ཆ12.9འཕར་བ་དང་། ཁྱོན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི1.15ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ8.9འཕར་ཡོད།

▶ ཟླ་དང་པོ་ནས་དགུ་པའི་བར་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ནང་མི་ཁྲི221.2བསྡུས་པ་དེ་དུས་མཚུངས་ལས་བརྒྱ་ཆ5.7འཕར་བ་དང་གླ་ཕོགས་སྒོར་དུང་ཕྱུར411.3སྤྲད་པ་དེ་དུས་མཚུངས་ལས་བརྒྱ་ཆ37.1འཕར་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་སྤྱི་ཟླ11པའི་ཚེས1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར10750དོན་འཁྱོལ་བྱས་པའི་ནང་མ་དངུལ་སྒོར་དུང་ཕྱུར861བཏང་ཟིན་པ་དེ་སྤྱིར་ན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། རྒྱལ་ཡོངས་སུ་རིགས་ཁག་གི་ཆུ་བེད་རྣམ་གྲངས་ཁྲི2.49གསར་དུ་ལས་འགོ་ཚུགས་པ་དེ་དུས་མཚུངས་ལས་བརྒྱ་ཆ12.9འཕར་བ་དང་། ཁྱོན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི1.15ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ8.9འཕར་ཡོད།

ཆུ་བེད་རྣམ་གྲངས་ལས་འགོ་འཛུགས་པའི་གྲངས་འབོར་ཆེས་ཆེར་འཕར་ཞིང་། དེའི་ནང་ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་ཁག35ལས་འགོ་ཚུགས་པ་དང་། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་དང་ཧོ་པེ་ཞུང་ཨན་མ་ཡུར་ནས་ཆུ་མཁོ་འདོན་དང་། བྱང་རྒྱུད་མཚོ་ཁུག་བསྐོར་བའི་ཀོང་ཤིས་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག ཅི་ལིན་ཆུ་དྲའི་ལས་གྲྭ་ཨ་མ། པེ་ཅིང་གྲོང་ཁྱེར་གྱི་གཙང་པོ་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ། རྒྱལ་ཁབ་དང་། ས་ཁོངས། ཞིང་ཆེན་རིམ་པ་བཅས་ཀྱི་ཆུ་དྲའི་ལས་གྲྭའི་མ་ལག་མགྱོགས་མྱུར་བསྐྲུན་ཡོད་པ་རེད།

ཆུ་བེད་འཛུགས་སྐྲུན་ནང་བསྡུས་པའི་ལས་ཞུགས་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཞིང་། སྤྱི་ཟླ་དང་པོ་ནས་དགུ་པའི་བར་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ནང་མི་ཁྲི221.2བསྡུས་པ་དེ་དུས་མཚུངས་ལས་བརྒྱ་ཆ5.7འཕར་བ་དང་གླ་ཕོགས་སྒོར་དུང་ཕྱུར411.3སྤྲད་པ་དེ་དུས་མཚུངས་ལས་བརྒྱ་ཆ37.1འཕར་ཡོད།

གོམ་སྟབས་རྗེས་མར།ཆུ་བེད་པུས་དུས་ཚིགས་བཞི་པའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་ཁག་གཅིག་སླར་ཡང་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱས་ཏེ་ཆུས་གཏོར་སྐྱོན་ཕོག་པའི་ཆུ་བེད་སྒྲིག་བཀོད་ཉམས་གསོ་དང་གེགས་རྗེས་བསྐྱར་སྐྲུན་མགྱོགས་མྱུར་བྱས་ནས་ལོ་ཧྲིལ་པོའི་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་ན་ནིང་གི་ཆུ་ཚད་ལས་བརྒལ་བའི་འགན་ལེན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༦
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།