ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༥

སྐལ་ཐུབ་ཀྱིས་བསྒྱུར།        2023-10-31

  ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༥

   གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ། བེད་སྤྱོད་ཡག་པོ་བྱེད་པར། གཉིས་ནི་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱ་དགོས། ཞིབ་འཇུག་སྟོབས་ཤུགས་སྤྱི་འདོམས་དང་། ཞིབ་འཇུག་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གསར་བརྗེའི་ལོ་རྒྱུས་རྒྱུ་ཆ་མྱུར་སྐྱོབ་དང་འཚོལ་བསྡུ། ཞིབ་འཇུག་བཅས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་། གསར་བརྗེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། གསར་བརྗེའི་ཐོན་ཁུངས་རྒྱབ་ཀྱི་བསམ་བློའི་སྙིང་དོན་གང་ལེགས་འདོན་པ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་དོན་གཙོ་ཕྱོགས་དང་གཙོ་རྒྱུན་ངོ་བོ་ཁོང་དུ་ཡང་དག་པར་ཆུད་པ། ལྟ་བ་གསལ་སྟོན་གྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་དང་བཀག་འགོག་བྱ་དགོས།

       2021ལོའི་ཟླ་བ6ཚེས25ཉིན་ལ་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་དགུ་པའི་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པར་གནང་བའི་གསུང་བཤད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༤
  • ལེ་ཚན་རྗེས་མ།:བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པ།
  • དོ་སྣང་ཆེ་བའི་རྩོམ།