ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་འཕྲིན་ཡིག་སྤྲིངས།

བདེ་ཆེན་གྱིས་བསྒྱུར།        2023-11-08

སྤྱི་ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། 2018ལོ་ནས་བཟུང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་ལྔ་བདེ་བླག་ངང་གཉེར་བ་དང་། ཀྲུང་གོའི་ཁྲོམ་ར་ཆེ་མོའི་ལེགས་བབ་ལ་བརྟེན་ནས་རྒྱལ་སྤྱིའི་ཉོ་སྒྲུབ་དང་མ་འཇོག་ལ་སྐུལ་འདེད། མིའི་རིག་སྤེལ་རེས། སྒོ་འབྱེད་མཉམ་ལས་ཀྱི་ལས་སྟེགས་ནུས་པ་འདོན་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་གང་མགྱོགས་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ད་སྔར་འཛམ་གླིང་གི་དཔལ་འབྱོར་བསྐྱར་གསོའི་སྒུལ་ཤུགས་མི་འདང་བས། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་མཉམ་དུ་འཕེལ་རྒྱས་ཡོང་ཐབས་བྱ་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏང་རྒྱུ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་སྒོ་འབྱེད་དང་ཁོང་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་སོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐར་ཁུང་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་སྟེ། ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཀྲུང་གོའི་ཚོང་ར་ཆེན་པོ་དེ་འཛམ་གླིང་གིས་མཉམ་སྤྱོད་བྱེད་པའི་ཚོང་ར་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ། གོ་ལ་ཧྲིལ་པོས་མཉམ་སྤྱོད་བྱེད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཞབས་ཞུ་སྔར་བས་ཡག་པོ་མཁོ་འདོན་བྱས་ཏེ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་བཏང་ནས་མཉམ་ལས་མཉམ་རྒྱལ་གྱིས་འཛམ་གླིང་ལ་ཕན་པ་འདོགས་ཐུབ་པའི་རེ་བ་ཡོད།

ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཉིན་དེར་ཧྲང་ཧའེ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། གཙོ་དོན་ནི“དུས་རབས་གསར་པ།འབྱུང་འགྱུར་མཉམ་དུ་ལོངས་སུ་སྤྱོད”ཅེས་པ་དེ་ཡིན་ཞིང་། ཚོང་དོན་པུའུ་དང་ཧྲང་ཧའེ་གྲེང་ཁྱེར་མི་དམངས་སྲིང་གཞུང་གིས་གཙོ་གཉེར་བྱས།



  • ལེ་ཚན་སྔོན་མ།:བོད་ལུགས་གསོ་རིག་གི་སྨན་ཐང་འགྲེམས་སྟོན་པེ་ཅིང་དུ་གཉེར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།