རང་ཁུལ་གྱི་ལྷད་མེད་སྐྱེ་ཁམས་ཐོན་རྫས་རིགས202སྐབས་དགུ་པའི་སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་སུ་མངོན།

ཀུན་དགས་བསྒྱུར།        2023-11-08

རང་ཁུལ་གྱི་ལྷད་མེད་སྐྱེ་ཁམས་ཐོན་རྫས་རིགས202སྐབས་དགུ་པའི་སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་སུ་མངོན།
དཀར་མཛེས་འགྲེམས་ཁང་དུ་མི་ཚོགས་ཀྱིས་ཁེངས་པ།

རང་ཁུལ་གྱི་ལྷད་མེད་སྐྱེ་ཁམས་ཐོན་རྫས་རིགས202སྐབས་དགུ་པའི་སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་སུ་མངོན།
འཛད་སྤྱོད་པ་ཚོས་ལྷད་མེད་བཟའ་བཅའི་བྲོ་བ་མྱོང་བཞིན་པ།

སྤྱི་ཟླ10པའི་ཚེས27ཉིན། ཟོག་ཤ་དང་བོད་ཕག་ཤ། ནས། ས་མཐོའི་ཤིང་འབྲས་དང་སྔོ་ཚལ་སོགས་རང་ཁུལ་གྱི་ལྷད་མེད་སྐྱེ་ཁམས་ཐོན་རྫས་རིགས202སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་སུ་འགྲེམས་སྟོན་བྱས། སྐབས་འདིའི་ཞིང་ལས་དངོས་མང་སྟོན་ཚོགས་སུ་རང་ཁུལ་གྱི“ལྷད་མེད་ཐོན་རྫས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་རོགས་བྱེད”ཅེས་པ་གཙོ་དོན་བྱས་ཏེ་ལྷད་མེད་སྐྱེ་ཁམས་ཞིང་ཐོན་འགྲེམས་ཁུལ་དང་།ཞིང་ལས་ཚན་རྩལ་གྲུབ་འབྲས་འགྲེམས་ཁུལ།“གནས་མཆོག་དཀར་མཛེས”ཀྱི་སྤུས་ལེགས་དངོས་ཟོག་ཐད་གཏོང་ཁུལ་བཅས་བཀོད་སྒྲིག་བྱས་ཡོད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་ནས་ཡོང་བའི་གཉེར་སྐྱོང་བྱེད་པོ71གིས་ལྷད་མེད་ཐོན་རྫས་འཁྱེར་ཏེ་ཞིང་ལས་དངོས་མང་སྟོན་ཚོགས་སུ་འགྲེམས་སྟོན་དང་འོས་སྦྱོར་བྱས་པ་རེད།

ཁྲེང་ཏུའུ་ནས་འོངས་པའི་སྐུ་ཞབས་ཅང་ལགས་ཀྱིས་ངོ་ལ་འཛུམ་གྱིས་ཁེངས་བཞིན་དུ་དེ་རིང་ངས་ཀྲོ་མ་ཀྲུ་ཆུང་ཆུང་དང་ཚགས་ཤ་ཏོག་ཙམ་ཉོས་ནས་ཁྱིམ་གྱི་རྒན་རྒོན་དང་བུ་ཕྲུག་ཚོར་རོལ་མྱོང་བྱེད་དུ་བཅུག་གི་ཡིན། ངས་ད་ལྟ་ཉག་རོང་རྫོང་ནས་འཁྱེར་ཡོང་བའི་ཀྲོ་མ་ཀྲུ་ཆུང་ཆུང་གི་བྲོ་བ་མྱང་པ་ཡིན།ཀྲོ་མ་ཀྲུ་ཆུང་ཆུང་དེའི་བྲོ་བ་ཧ་ཅང་ཞིམ་པོ་འདུག་ཅེས་བཤད།

སྨི་ངོས་གྲུ800ཡོད་པའི་དཀར་མཛེས་འགྲེམས་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་།རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ལྟ་སྐོར་བ་རྒྱུན་མི་ཆད།དཀར་མཛེས་དང་གསེར་རྟ།ལི་ཐང་སོགས་རྫོང་ཁག་སོ་སོ་ནས་འཁྱེར་འོངས་པའི་ཚགས་ཤ་དང་།ཉག་རོང་རྫོང་དང་སྡེ་དགེ་རྫོང་གི་ཀྲོ་མ་ཀྲུ་ཆུང་ཆུང་།རོང་བྲག་རྫོང་དང་དར་མདོ་གྲོང་ཁྱེར་གྱི“སྤུས་ལེགས་ཀུ་ཤུ”དང་མངར་ཁམ།འདབ་པ་རྫོང་དང་ཕྱག་ཕྲེང་རྫོང་གི་བོད་ཕག་ཤ་སོགས་ལྷད་མེད་ཐོན་རྫས་ཀྱིས་ཁེངས་ཡོད། ཡུལ་དངོས་སུ་བོད་ཕག་ཤའི་བཟོས་པའི་ཤ་བསྙལ་མ་དང་།ཤ་རྒྱུས།ཀྲོ་མ་ཀྲུ།ཀུ་ཤུ་བཅས་ལ་ལྟ་སྐོར་བ་མང་པོས་བྲོ་ཞིམ་མྱོང་བ་དང་། རིགས་ཁག་གི་ཞིང་ཐོན་ལས་སྣོན་ཐོན་རྫས་དང་རི་སྐྱེས་ཤ་མོ་སོགས་ཀྱིས་ཚོང་འགྲུལ་བ་མང་པོའི་ཡིད་དབང་བཀུག་ཅིང་།རྫོང(གྲོང་ཁྱེར)ཁག་གི་འགྲེམས་སྟེགས་མདུན་དུ་ཚོང་པ་དང་ཚོང་འགྲུལ་བས་ཉོ་ཚོང་སྤེལ་རེས་བྱེད་པའི་རྣམ་པས་ཁེངས།

འདབ་པ་རྫོང་དབྱི་མུའུ་ཐཱན་ཀྲུའུ་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་ཀྲོའུ་ལི་ཝང་གིས་ད་ཐེངས་ཀྱི་ཞིང་ལས་འགྲེམས་ཚོགས་ལ་བརྟེན་ནས་དཀར་མཛེས་ཁུལ་རྫོང་ཁག་སོ་སོའི་ཐོན་རྫས་ཡག་པོས་འཛད་སྤྱོད་པ་དེ་བས་མང་པོའི་ཡིད་དབང་འགུག་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདབ་པ་རྫོང་གི་བོད་ཕག་ཤ་ནི་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་ཡིན་པ་དང་འདི་ལོར་སླར་ཡང་ཞིང་ལས་ཞིང་སྡེ་པུའི་གྲགས་ཅན་རྩེར་སོན་གྱི་ཞིང་ཐོན་གསར་པར་བདམས་ཡོད། ཁོང་གིས་ཁེ་ལས་ཀྱི་སྣེ་ཁྲིད་དེ་མུ་མཐུད་འབད་བརྩོན་བྱས་ནས་ཞིང་ལས་དངོས་མང་སྟོན་ཚོགས་ཀྱིས“དྲྭ་ལམ་ཐོག་བཏོན་པ་དང་།གྲོང་ཁྱེར་དུ་སྐྱོད་པ།སི་ཁྲོན་ནས་ཐོན་པ”བཅས་ཀྱི་དམིགས་ཚད་ལག་ལེན་བསྟར་ཏེ་ཐོན་རྫས་དེ་བས་མང་བ་འཛད་སྤྱོད་པར་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་མཐོ་སྒང་སྐྱེ་ཁམས་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལེགས་ཆ་སྤྱད་དེ“ལྷད་མེད་ཐོན་རྫས”ཁུལ་གྱིས་ཁྱད་ཆོས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་འབྲི་གཡག་དང་།བོད་ཕག། ནས།ཤིང་འབྲས་དང་སྔོ་ཚལ་སོགས་ལྷད་མེད་ཐོན་ལས་གཅིག་སྡུད་བསྐྲུན་ནས་དེང་རབས་ཀྱི་ས་མཐོའི་ཁྱད་ཆོས་ཞིང་འབྲོག་ལས་ཀྱི་རྟེན་གཞི་བཏོད་དེ“ཐེན་ཧྥུའུ་ཡི་འབྲུ་མཛོད”དཀར་མཛེས་ཀྱི་ལས་དོན་ཏན་ཏིག་སྒྲུབ་བཞིན་ཡོད།

གླེང་རིན་ཡོད་པ་ཞིག་ནི་ད་ཐེངས་ཀྱི་འགྲེམས་སྟོན་ནང“ཐོན་རྫས་གཉིས་དང་མཚོན་རྟགས་གཅིག”དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གྲགས་ཅན་དམིགས་བསལ་ཐོན་རྫས་གསར་པ་ལེགས་འདེམས་བྱས་པ་དེ་དཀར་མཛེས་འགྲེམས་ཚོགས་ནང་ཞུགས་མཁན་སྐབས་རིམ་བྱུང་གི་སི་ཁྲོན་ཞིང་ལས་འགྲེམས་ཚོགས་ཀྱི་གསར་གཏོད་ཅིག་ཡིན་ཞིང་། གྲོ་དང་བོད་ཀྱི་ཀོ་ཤ། འོ་ཇ་སོགས་ཞིང་ལས་ཚན་རྩལ་བཀོལ་སྤྱོད་གྲུབ་འབྲས་ཐོག་མར་ཞིང་ལས་འགྲེམས་ཚོགས་ཐོག་འགྲེམས་སྟོན་བྱས་ནས་དཀར་མཛེས་འགྲེམས་ཁང་ལ་ཚན་རྩལ་གྱི་བཀྲག་མདངས་བསྣན་ཡོད།

ཁུལ་ཞིང་ལས་ཚན་རིག་ཁང་གི་སུའོ་ཀྲང་གཞོན་པ་ལིའུ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་ནང་ཁུལ་ཞིང་ལས་ཚན་རིག་ཁང་གིས་རི་སྐྱེས་ཀྱི་ཀོ་ཤ་དང་གྲོ་སོགས་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་ཁྱད་ལྡན་སྐྱེ་ལྡན་གྱི་ཤིང་འབྲས་དང་སྔོ་ཚལ་འདེབས་གསོ་ལག་རྩལ་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བཤད་པ་དང་། ཕྱིན་ཆད་ཁུལ་ཞིང་ལས་ཚན་རིག་ཁང་གིས་ཐོན་རྫས་ཚན་རྩལ་གཞན་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཚན་ཞིབ་གྲུབ་འབྲས་དང་གྲུབ་འབྲས་གཞན་སྒྱུར་ལ་དུས་གཅིག་ཏུ་ཤུགས་བརྒྱབ་སྟེ་དཀར་མཛེས་ཀྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ལ་སྐུལ་རྒྱུ་ཡིན་པ་རེད།

ད་སྔའི་བར། ཁུལ་ཡོངས་སུ་ཐོན་རྫས་གཉིས་དང་མཚོན་རྟགས་གཅིག214ལ་ཟིན་པ་དང་།ལྷད་མེད་ཐོན་རྫས་ལག་ཁྱེར146དང་ཉེན་མེད་བཟའ་བཅའི་ལག་ཁྱེར54།ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས14རག་ཡོད། རང་ཁུལ་གྱི་ལྷད་མེད་ཐོན་རྫས་ཀྱི་ལོའི་ཐོན་ཚད་ཏུན་ཁྲི5.05དང་།ཐོན་རྫས་རིན་ཐང་སྒོར་དུང་ཕྱུར97 ཐོན་ཡུལ་རྒྱ་ཁྱོན་སྤྱི་ཆིང་ཁྲི6 ཐོན་རྫས་རིགས60ལྷག་ལ་ཟིན་པ་རེད།དེའི་ནང་འབྲི་གཡག་མགོ་གྲངས་ཁྲི7ཙམ་ལ་སྐྱེ་ལྡན་བདེན་དཔང་ར་སྤྲོད་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།སྐབས་འདིའི་ཞིང་ལས་དངོས་མང་སྟོན་ཚོགས་རིང་།རང་ཁུལ་གྱིས་ད་དུང་ཞིང་ལས་མ་འཇོག་གི་གོ་སྐབས་གསལ་ཐོ་སྤྲད་དེ་དྲྭ་རྒྱའི་ཐོག་མི་སྣ་གདན་ཞུ་བྱས་ནས་ཡུལ་དངོས་སུ་རམ་འདེགས་བྱས་ཏེ་མུ་འབྲེལ་ཐད་གཏོང་དང་སྤུས་རྟགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ནས་དྲྭ་ཐོག་དང་དྲ་ཕྱི་གཉིས་ཀར་དུས་གཅིག་ཏུ་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:ངར་ཤུགས་གཅིག་བསྒྲིམས་ཀྱིས་ཐོན་སྐྱེད་དམ་དུ་འཛིན།ནུས་ཤུགས་ཡོད་རྒུ་ཡིས་དུས་ཚིགས་བཞི་པ་བསུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།