ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

ལྷ་འཛོམས་ཀྱིས་བསྒྱུར།        2023-11-13

སྤྱི་ཟླ11པའི་ཚེས6ཉིན།ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྣམ་བཤད་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་ཏེ་ཁུལ་ཡོངས་ཀྱི་གནོད་འགོག་གནོད་སེལ་དང་ཉེན་མེད་ཐོན་སྐྱེད་ལས་དོན་གྱི་གནས་ཚུལ་སྙན་ཞུར་ཉན་པ་དང་།རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་བྱས་པ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོར་གནང་བ་གང་ལེགས་མཚོན་པ་དང་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་མི་རིགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་ཕྱོགས་གསལ་པོ་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེན་མེད་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་གསོད་སོགས་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོར་གནང་བར་མ་ཟད། མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་མགོ་ཁྲིད་ཚན་པའི་ཁོངས་མི་དང་གླེང་མོལ་གནང་བར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས་སླད་ཕྱིན་དུས་སྐབས་ཤིག་རིང་གི་བཟོ་ཚོགས་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དངུལ་རྩའི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ལམ་བུའི་ངོ་བོའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་གི་ནང་དོན་གཙོ་བོ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་དངུལ་རྩའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད།

ཚོགས་འདུའི་ཐོག་རང་རེའི་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཀྲེ་ཅང་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་དུ་སློབ་སྦྱོང་བྱེད་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཕྱིན་ཆད་ཀྱི་ལས་ཀའི་ཁྲོད་དུ་ལག་ལེན་བསྟར་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་ཕུལ་བྱུང་གི་བྱེད་སྟངས་དཔྱད་གཞིར་འཛིན་པ། ནུས་ཤུགས་ཡོད་རྒུས་ཚོང་དང་མ་དངུལ་ནང་འདྲེན་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་ཡོང་བ་བྱ་དགོས་པའི་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་ཡོངས་ཀྱི་དར་རྒྱས་ཅུང་ཞན་པའི་རྫོང་ཁོངས39ཡི་མཐིལ་འདེགས་རོགས་སྐྱོར་ལས་དོན་གྱི་འབྲེལ་ཡོད་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས། གོ་སྐབས་དམ་འཛིན་དང་མཐིལ་འདེགས་རོགས་སྐྱོར་བཅས་ཀྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས་གཙོ་གནད་ལས་གཞི་དང་ཆེད་དོན་མ་དངུལ།ཤེས་ལྡན་མི་སྣའི་འགན་ལེན་སོགས་ཀྱི་དགོས་མཁོ་ལེགས་སྒྲིག་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་འབྲེལ་མཐུད་དང་བརྩོན་ལེན་བྱ་རྒྱུར་ཤུགས་བརྒྱབ་ནས་ལས་གཞི་དེ་བས་མང་བ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏང་དགོས། ཡུལ་སྡེ་དར་རྒྱས་ཡོང་བར་དམིགས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་ཞིང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་རྒྱག་པ་དང་འགན་འཁྲིའི་ལས་བགོས་ལ་ཤུགས་རྒྱག་པ། རང་འགན་རང་ཁུར་གྱིས་ལས་དོན་ལ་དམ་འཛིན་བཅས་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་དང་ཁེ་ལས་ཀྱི་གནས་གཏན་འཁེལ་གྱི་རོགས་སྐྱོར།ཆ་སྒྲིག་རོགས་སྐྱོར་བཅས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏང་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ལྷད་མེད་སྐྱེ་ཁམས་ཐོན་རྫས་རིགས202སྐབས་དགུ་པའི་སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་སུ་མངོན།
  • ལེ་ཚན་རྗེས་མ།:འདབ་པ་རྫོང“གནམ་རིག་དང་མིའི་རིག་མཉམ་འབྲེལ་འགྲེམས་ཁང་”སྐྲུན་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།