ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༠

སྐལ་ཐུབ་ཀྱིས་བསྒྱུར།        2023-11-14

  ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༠

  རང་རྒྱལ་ནི་འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ཁྲེང་ཏེ་ཚ་གཡོལ་གཞིས་བྲང་གི་ནང་དོན་གཏིང་ཟབ་ཅིང་། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས། ཆོས་ལུགས་སྤྱི་ཚོགས་ལ་འཕྲོད་པ། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་བརྒྱུདའཛིན། དེ་བཞིན་མི་དང་རང་བྱུང་ཞི་མཐུན་མཉམ་གནས་སོགས་ཐད་ལོ་རྒྱུས་ཀྱི་རིན་ཐང་དང་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྲུང་སྐྱོང་ཡག་པོ་དང་། བརྒྱུད་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ནས་དེའི་ནང་དོན་ཕུན་སུམ་ཚོགས་པ་བསྔོགས་ཏེ་རིག་གནས་ཀྱི་གདེང་ཚོད་སྔར་བས་བརྟན་པོ་ཡོང་བ་དང་མི་རིགས་ཀྱི་སྙིང་སྟོབས་གཅིག་ཏུ་སྒྲིལ་བར་ཕན་ཐོགས་སུ་བཅུག་དགོས།


          2021ལོའི་ཟླ་བ8ཚེས23ནས24ཉིན་བར་ཧོ་པེ་ཁྲེང་ཏེར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།


  • ལེ་ཚན་སྔོན་མ།:《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ལྷོ་པའི་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།