ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༩

སྐལ་ཐུབ་ཀྱིས་བསྒྱུར།        2023-11-09

ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༩

    ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི་སྙིང་སྟོབས་ཐོག་ནས《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས》ལག་ལེན་ནན་ཏན་བསྟར་ཏེ་ཤུལ་བཞག་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་ཤུགས་རྒྱག་པ་དང་། ཤེས་དཔལ་གྱི་སྐད་ཆ་བཤད་རེས་བྱེད་ཅིང་། སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ལ་སྐུལ་བ་དང་། འཛམ་གླིང་ཤུལ་བཞག་སྲུང་སྐྱོང་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ། འགྲོ་བ་མིའི་རིག་གནས་ཀྱི་མཆོག་ནོར་དང་རང་བྱུང་གི་ནོར་བུ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱས་ནས་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་འདོད་ཡོད།


                     2021ལོའི་ཟླ་བ7ཚེས16ཉིན་ལ་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་ཞེ་བཞི་པར་ཕུལ་བའི་ཤིས་འཕྲིན།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རང་བྱུང་སྒེར་སྡེམ་གྱི་ལྟ་སྡོམ་ཐད་ནན་སྟོན་གནང་དོན།
  • ལེ་ཚན་རྗེས་མ།:《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།