ང་དང་སྦྲ་ནག།

༼ གཅན་གླག་མིག། ༽        2024-06-28

ང་སྐྱེས་སའི་ཕ་གཞིས་ཕང་བ་རུ། །

ཞེ་དགའ་བའི་སྦྲ་ནག་གྲུ་བཞི་ཡོད། །

ནར་སོན་ནས་སློབ་གྲྭ་འགྲིམ་དུས་སུ། །

ངའི་སྦྲ་ནག་གྲུ་བཞི་བསྐྱུར་ཏེ་དེངས། ། ང་འཚོ་སའི་གོས་ལྗང་རྩྭ་ཐང་དུ། །

སྒང་བོད་པའི་སྦྲ་ནག་གྲུ་བཞི་ཡོད། །

ང་མ་བསྡད་གྲོང་ལ་ཐོན་ནས་བཟུང་། །

ངའི་སྦྲ་ནག་གྲུ་བཞི་བརྗེད་དེ་ཐལ། །

ས་འཛམ་བུ་གླིང་གི་ཡང་རྩེ་ན། །

ང་བོད་པའི་སྦྲ་ནག་གྲུ་བཞི་ཡོད། །

སྦྲ་གྲུ་བཞིའི་ལོ་རྒྱུས་རིང་ན་ཡང་། །

དུས་དེ་རིང་རྗེས་མེད་ཤུལ་མེད་རེད། ། ང་བོད་པ་འདུག་ས་སྦྲ་ནག་ཡིན། །

ང་བོད་པ་གསོ་མཁན་སྦྲ་ནག་ཡིན། །

ང་བོད་པའི་ལོ་རྒྱུས་སྦྲ་ལ་གསལ། །

ང་བོད་པའི་རེ་བ་སྦྲ་ཡིས་སྐོང་། །


  • ལེ་ཚན་སྔོན་མ།:ངའི་སང་ཉིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།