ངའི་སང་ཉིན།

དབང་རྒྱལ།        2024-06-26

            དུས་མཐའ་མེད་པའི་སང་ཉིན་ལགས།

ནམ་ཞིག་གི་ཚེ་ན་ཁྱོད་ཀྱི་ང་ལ་མཇུག་སྡོམ་གནང་སྲིད།

ཡང་ན་སང་ཉིན་ང་ལ་ཅི་ཞིག་གི་དགོས་འདོད་གནང་སྲིད།

ཤེས་མེད་ཚོར་མེད་ཀྱི་སང་ཉིན་ནམ།

ཡང་ན་རེ་བ་དང་ཡིད་ཆེས་ཕུགས་བསམ་གྱི་གང་

བའི་སང་ཉིན་ལགས།

ངའི་ཡོད་ཚད་ཁྱོད་ལ་བཅོལ་ནས་ཡོད།

ཁྱེད་ནི་ངའི་རང་སྲོག་གཅོད་བྱེད་དུ་བརྡུངས་པའི་ཟླ་

མེད་གློ་གྲི་དེ་ཡིན་ནམ།

ཡང་ན་མི་ཚེ་ལ་འོད་སྟོང་སྐྲུན་མཁན་དེ་ཡིན་ལགས།

  • ལེ་ཚན་སྔོན་མ།:དབྱར་དུས་ཀྱི་འབྲོག་ལྗོངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།