རྒྱལ་ཡོངས་ཀྱི་སྐྲུན་བཞིན་པའི་གློག་འཕྲུལ་ཤོང་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་ཐུབ་ཡོད།

ལྷ་འཛོམས་ཀྱིས་བསྒྱུར།        2023-11-27

འབྲི་ཆུའི་ཞོལ་ལུང་ཆུ་གློག་ས་ཚུགས་ལས་གྲྭ་གཙོ་བོ་ཁྱོན་ཡོངས་ནས་སྐྲུན་པའི་དུས་མཚམས་སུ་སླེབས།

རྒྱལ་ཡོངས་ཀྱི་སྐྲུན་བཞིན་པའི་གློག་འཕྲུལ་ཤོང་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་ཐུབ་ཡོད།
ཞོལ་ལུང་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་ཐུབ་ཡོད།

ཉེ་ཆར།རང་རྒྱལ་གྱི་ད་སྔར་སྐྲུན་བཞིན་པའི་གློག་འཕྲུལ་ཤོང་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚུགས་ཏེ་འབྲི་ཆུའི་ཞོལ་ལུང་ཆུ་གློག་ས་ཚུགས་ཀྱི་ཆུ་རྒྱུན་བཅད་ཐུབ་ཡོད། དེ་ནས་བཟུང་ཁྱོན་ཡོངས་ནས་ཆུ་རགས་ཀྱི་ལས་གྲྭ་གཙོ་བོ་སྐྲུན་པའི་དུས་མཚམས་སུ་སླེབས་པ་དང་།སྔོན་དཔག་བྱས་ན2026ལོའི་ཟླ་བ་དང་པོར་ཆུ་རགས་ཨར་འདམ་བླུགས་འགོ་ཚུགས་ཐུབ་རྒྱུ་རེད།

ཞོལ་ལུང་ཆུ་གློག་ས་ཚུགས་དེ་རང་ཁུལ་གྱི་སྡེ་རོང་རྫོང་དང་འབའ་ཐང་རྫོང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བདེ་ཆེན་རྫོང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བཅས་ཀྱི་འབྲེལ་མཚམས་ཀྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་བོའི་རྒྱུད་དུ་གནས་ཡོད། དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གཙོ་གནད་ལས་འགོ་ཚུགས་པའི་ལས་གཞི་ཞིག་ཡིན་ལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱས་རྗེས་འབྲི་ཆུའི་འབབ་རྒྱུད་དུ་ཞིབ་དཔྱད་ཆོག་མཆན་སྤྲད་པའི་གློག་ཁང་ཆེ་ཤོས་ཐོག་མ་དང་སྐྲུན་བཞིན་པའི་གློག་འཕྲུལ་ཤོང་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚུགས་ཤིག་ཡིན་ཞིང་། གློག་ཤོང་ཚད་སྟོང་ཝ་ཁྲི240ཡིན་པ་དང་། དུས་མཚུངས་སུ《“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་བསྐྱར་སྐྱེས་ནུས་རྒྱུའི་འཕེལ་རྒྱས་འཆར་འགོད》ཀྱི་གཙོ་གནད་ལས་གཞི་དང་རྒྱལ་ཁབ་ཀྱི་ནུབ་གློག་ཤར་འདྲེན་གྱི་རྐང་འཛིན་གློག་ཁུངས་ཀྱི་གྲས་ཤིག་ཡིན། 2022ལོའི་ཟླ་བ6པའི་ཚེས7ཉིན་ལ་རྒྱལ་ཁབ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཞིབ་བཤེར་ཆོག་མཆན་དངོས་སུ་ཐོབ་པ་དང་། སྔོན་དཔག་བྱས་ན་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར105ལ་ཟིན་རྒྱུ་དང་། གློག་གཏོང་ཤུགས་སི་ཁྲོན་གློག་དྲྭར་སྐྱེལ་བར་མ་ཚད། རྒྱལ་ཁབ་གློག་དྲྭ་ཀྲུང་གོའི་ཤར་རྒྱུད་ཁོངས་སུ་འདྲེས་སྐྱེལ་བྱས་ནས་མི་ཁྲི210ཡི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་བསྐང་ཐུབ་རྒྱུ་རེད།

དེས་མ་ཚད་ལས་གཞི་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི320ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི786ཉུང་དུ་ཕྱིན་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྱུང་འཕྲོད་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་ཞིང་། ས་ཁོངས་ཀྱི་གློག་ཤུགས་མཁོ་སྤྲོད་འགལ་བ་ཞི་ལྷོད་དུ་གཏོང་ཐུབ་པ་དང་། ནུབ་རྒྱུད་འཕེལ་རྒྱས་ཆེན་མོར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི“ཐཱན་སྙོམས་འགྱུར་དང་ཐཱན་ཚད་ལོན”གྱི་དམིགས་འབེན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད།།



  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གིས་ཀྲེ་ཅང་ཧྥུ་དབྱང་དུ་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ཁུལ་གཏོགས་གཞུང་དབང་ཁེ་ལས་བཅོས་བསྒྱུར་གྱི་བཞུགས་མོལ་ཚོགས་འདུ་ལ་འགན་འཁྲི་ཁུར་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་དབང་ཁེ་ལས་འཕེལ་རྒྱས་ཀྱི་ལམ་
  • དོ་སྣང་ཆེ་བའི་རྩོམ།