ཁུལ་ཨུའི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོ་ཆུང་གིས2023ལོའི་ ཚོགས་འདུ་ཐེངས་གསུམ་པ་འཚོགས།

        2023-11-20

སྤྱི་ཟླ11པའི་ཚེས14ཉིན། ཁུལ་ཨུའི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོ་ཆུང་གིས2023ལོའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཞིང་གསུམ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་འབྲེལ་ཡོད་ཡིག་ཆའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། འབྲེལ་ཡོད་ལས་དོན་སྙན་ཞུར་གསན་པ་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས་པ།ཕྱིན་ཆད་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་། མཛུབ་སྟོན་གལ་ཆེན་དང་མཆན་བཀོད་གལ་ཆེན་གནང་ནས་ང་ཚོས་དུས་རབས་གསར་པའི་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད། ད་སྔར། ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པའི་གཙོ་དོན་སློབ་གསོའི་དུས་མཚམས་གལ་ཆེན་ཞིག་ཡིན་ལ། ལོ་འཁོར་གྱི་དམིགས་ཚད་ལེགས་སྒྲུབ་བྱེད་པའི་འགག་སྒྲོལ་དུས་མཚམས་ཤིག་ཀྱང་ཡིན་པས། ད་ལོའི་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབས་ནས་གཏན་འཁེལ་ཟིན་པའི་དམིགས་འབེན་ལེགས་སྒྲུབ་བྱ་བར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཞིང་གསུམ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུན་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་ཞིང་ལས་དང་ཞིང་སྡེ་སྔོན་འཕེལ་རྒྱུན་འཁྱོངས་བྱས་ནས། ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དཀར་མཛེས་ཁུལ་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏང་དགོས་པ་རེད།

ཚོགས་འདུའི་ཐོག་གཅིག་ནས་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེ་རུ་གཏང་དགོས་པ་དང་། གཉིས་ནས་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་མ་ལག་གང་མགྱོགས་འཛུགས་དགོས། གསུམ་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། བཞི་ནས་མཐིལ་རྟོགས་རང་བཞིན་གྱི་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏང་རྒྱུར་ཤུགས་སྣོན་དགོས་ཞེས་ནན་བཤད་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཞིག་ལ་བྱ་དགའ་ཐོབ་འདུག།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཞིང་འཕྲུལ་ལག་རྩལ་གསར་པ་དང་འཕྲུལ་ཆས་གསར་པས་ཁྱོན་ཡོངས་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་པར་བསྐུལ།
  • དོ་སྣང་ཆེ་བའི་རྩོམ།