རང་ཁུལ་གྱིས་ཞིང་འཕྲུལ་ལག་རྩལ་གསར་པ་དང་འཕྲུལ་ཆས་གསར་པས་ཁྱོན་ཡོངས་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་པར་བསྐུལ།

ཀུན་དགས་བསྒྱུར།        2023-11-20

རང་ཁུལ་གྱིས་ཞིང་འཕྲུལ་ལག་རྩལ་གསར་པ་དང་འཕྲུལ་ཆས་གསར་པས་ཁྱོན་ཡོངས་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་པར་བསྐུལ།
བྲག་འགོ་རྫོང་གིས་ཞིང་འཕྲུལ་སྤྱད་ནས་རྨོ་འདེབས་བྱེད་བཞིན་པ།

ལོ་མང་རིང་ཁུལ་ཞིང་འཕྲུལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་ཁུལ་ཡོངས་ཀྱི་ཞིང་འཕྲུལ་ཚན་རྩལ་ཁྱབ་གདལ་ལས་དོན་པའི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་གྱི་དོན་དངོས་ལ་གཞིགས་པ་དང་ཞིང་འཕྲུལ་གྱི་ལག་རྩལ་གསར་པ་དང་འཕྲུལ་ཆས་གསར་པ་ཚོད་ལྟའི་དཔེ་སྟོན་ཁྱབ་གདལ་གཏོང་བར་ཤུགས་བརྒྱབ་ནས་སྔོན་ཐོན་ནུས་མང་བཅས་ཀྱི་ཞིང་འཕྲུལ་ཁྱབ་གདལ་ཧུར་ཐག་བཏང་ཡོད། ཁུལ་ཡོངས་ཀྱི་ཞིང་འཕྲུལ་ཚན་རྩལ་ཁྱབ་གདལ་ལས་དོན་པ་དང་རྒྱ་ཆེའི་ཏང་མི་ལས་བྱེད་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་ནས་དང་།ཞོག་ཁོག། སྔོ་ཚལ། པད་ཁ། གཟན་རྩྭ་སོགས་ཞིང་ལས་སྐྱེ་དངོས་གཙོ་བོའི་འཕྲུལ་ཆས་ཅན་གྱི་སྒྲིག་ཆས་ཆུ་ཚད་དེ2017ནས2022ལོའི་བར་གྱི་དབུལ་ཐར་འགག་སྒྲོལ་རིང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད།

ཁུལ་ཞིང་འཕྲུལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱིས་ཁུལ་ཡོངས་སུ་རྡོ་སྒྲུག་འཕྲུལ་འཁོར་དང་།ས་ཁོད་སྙོམས་འཕྲུལ་འཁོར།ནས་འདེབས་ལུད་རྒྱག་འཕྲུལ་འཁོར།འདེབས་འཛུགས་སྲུང་སྐྱོང་མི་མེད་གནམ་གྲུ་སོགས་ཞིང་འཕྲུལ་ལག་རྩལ་གསར་པ་དང་འཕྲུལ་ཆས་གསར་པ་ནང་འདྲེན་བྱས་པར་མ་ཟད། ལུད་གཏོར་འཕྲུལ་འཁོར།སྒུལ་བདེའི་ཆུ་འདྲེན་འཕྲུལ་འཁོར།མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་སོགས་ནས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཐོག་མར་ནང་འདྲེན་བྱས་ནས་དཀར་མཛེས་རྫོང་ལྷོ་པ་ཡུལ་ཤོག་ཏུ་ནས་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ200བསྐྲུན་པ་དང་།ཁམས་ནས་ཨང་རྟགས9པ།བོད་ནས2000བཅས་སོན་འདེབས་བྱས་ཡོད། ས་ཁོད་སྙོམས་པ་དང་རྡོ་སྒྲུག་པ།ས་རྒྱུར་དཔགས་ནས་རྫས་ལུད་རྒྱག་པ།འདེབས་འཛུགས་བྱེད་པ།ཞིང་ནང་དོ་དམ།འཕྲུལ་ཆས་བསྡུ་ལེན་སོགས་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ལས་དོན་དཔེ་སྟོན་གཅིག་སྡུད་ཐོག་སྤེལ་བས་སོན་བཟང་དང་།ཐབས་བཟང་།ཞིང་ས་བཟང་པོ།ཞིང་འཕྲུལ་བཟང་པོ། བཟོ་སྐྲུན་བཟང་པོ་བཅས“བཟང་པོ་ལྔ”དང་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱུང་ནས་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དུ་ནས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལག་རྩལ་གཅིག་སྡུད་བྱས་ཏེ་དཀར་མཛེས་རྫོང་གིས་མུའུ3000གི་སོན་བཟང་གསོ་སྤེལ་རྟེན་གཞི་བསྐྲུན་པར་སྐུལ་ཁྲིད་ཐུབ་པ་བྱུང་ཡོད།

ད་ལོའི་སྤྱི་ཟླ10པའི་ཚེས11ཉིན་སི་ཁྲོན་ཞིང་ཆེན་ཞོག་ཁོག་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ཡུལ་དངོས་ཚོགས་འདུ་དེ་དཀར་མཛེས་རྫོང་དུ་འཚོགས་ཤིང་། ཁུལ་ཞིང་འཕྲུལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་སི་ཁྲོན་ཞིང་ཆེན་ཞིང་འཕྲུལ་ཁྱབ་གདལ་འཕེལ་རྒྱས་ལྟེ་གནས་ལ་གཞོགས་འདེགས་བྱས་ནས་ཡུལ་དངོས་སུ་ཞོག་ཁོག་རྨོ་བསྡུ་སོགས་ཐོན་སྐྱེད་གཙོ་གནད་ཀྱི་འཕྲུལ་ཆས་ལས་ཀ་འགྲེམས་སྟོན་བྱས་པར་མ་ཟད།སྒུལ་ཤུགས་འཕྲུལ་ཆས་དང་།ས་ཁོད་སྙོམས་འཕྲུལ་ཆས།རྡོ་སྒྲུག་འཕྲུལ་ཆས། ལུད་རྒྱག་འཕྲུལ་ཆས།ནས་དང་ཞོག་ཁོག།གཟན་རྩྭ་སོགས་ཐོན་སྐྱེད་འཕྲུལ་ཆས་ཡུལ་དངོས་ནས་འགྲེམས་པ་དང་། ཚོགས་འདུའི་ཐོག་རང་ཁུལ་གྱི་ཁམས་བྱང་འབྲུ་མཛོད་ཡིན་པའི་དཀར་མཛེས་རྫོང་གི་ནས་དང་།ཞོག་ཁོག། གཟན་རྩ་སོགས་སྐྱེ་དངོས་ཐོན་སྐྱེད་ཐད་ཀྱི་འཕྲུལ་ཆས་ཅན་གྱི་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པར་ཞིང་ཆེན་ཡོངས་ཀྱི་ཚོགས་ཞུགས་མགོ་ཁྲིད་དང་འཐུས་མིས་ཁས་ལེན་གང་ལེགས་བྱས།

སྤྱི་ཟླ10པའི་བར་ཁུལ་ཡོངས་ཀྱི་ཞིང་ལས་ལས་ནས་དང་།ཞོག་ཁོག། གཟན་རྩྭ།ལ་ཕུག། མ་རྨོས་ལོ་ཏོག་བཅས་དཀར་མཛེས་དང་།ལི་ཐང་།སེར་ཤུལ།སྡེ་དགེ།ཉག་རོང་།བྲག་འགོ་སོགས་རྫོང་ཁག་ཏུ་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་གྱི་ལག་རྩལ་གཅིག་སྡུད་ཐོག་མངོན་འགྱུར་བྱུང་བ་དང་།རྫོང་ཁག་གཞན་དག་གིས་དཔེ་སྟོན་སྣེ་ཁྲིད་འོག་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།

ཕྱིན་ཆད་ཁུལ་ཞིང་འཕྲུལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་དང་ཞིང་འཕྲུལ་ཁྱབ་གདལ་ལས་དོན་ཟུང་འབྲེལ་བྱས་ནས་ཞིང་འཕྲུལ་གསར་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་དང་། གཅིག་བསྡུས་ཀྱིས་མངོན་འགྱུར་བྱུང་བའི་ནས་དང་ཞོག་ཁོག། གཟན་རྩྭ། ལ་ཕུག། མ་རྨོས་ལོ་ཏོག་བཅས་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་གྱི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་བརྒྱུད་རིམ་ཧྲིལ་པོའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་ཡོད་རྒུས་ནས་བསྐུལ་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་།ཡུལ་སྡེ་དར་རྒྱས། ཞིང་འབྲོག་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་ལེགས་སྐྱེལ་འབུལ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོ་ཆུང་གིས2023ལོའི་ ཚོགས་འདུ་ཐེངས་གསུམ་པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།