སྡེ་དགེ་རྫོང་གིས་ཀྲེ་ཅང་ཧྥུ་དབྱང་དུ་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

    གངས་ལྗོངས་ཉི་གཞོན།    2023-11-21

སྡེ་དགེ་རྫོང་གིས་ཀྲེ་ཅང་ཧྥུ་དབྱང་དུ་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

ལྟད་མོ་མང་བའི་འཁྲབ་སྟོན་ལེ་ཚན་ཡག །མཛའ་བརྩེ་ཟབ་པའི་ཕེབས་བསུའི་སྐད་ངག་སྙན། རྣམ་པ་དག་པའི་དགའ་སྤྲོའི་འཛུམ་མདངས་ངོམ། སྤྱི་ཟླ་༡༡པའི་ཚེས་༡༦ཉིན་གྱི་དགོང་མོར། སྡེ་དགེ་རྫོང་གི“སྡེ་དགེའི་འཕེལ་རྒྱས་ཆེད། རི་ཀླུང་འཕྲེད་དུ་བརྒལ། མ་འོངས་མདུན་ལྗོངས་གླེང་”ཞེས་པ་བརྗོད་དོན་གཙོ་བོའི་འཁྲབ་སྟོན་བྱེད་སྒོ་དེ་ཀྲེ་ཅང་ཧྥུ་དབྱང་ཆུས་ཧྥུ་དབྱང་བརྙན་འཕྲིན་ཟློས་གར་ཁང་ནས་བདེ་ལེགས་ངང་སྤེལ་བས། ས་གནས་གཉིས་པོས་རིག་གནས་ཐད་ནས་སྔར་ལས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱས་པ་མཚོན་ཡོད།

སྡེ་དགེ་རྫོང་གིས་ཀྲེ་ཅང་ཧྥུ་དབྱང་དུ་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

       ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི། སྡེ་དགེ་དང་ཧྥུ་དབྱང་གཉིས་ཁྱིམ་ཚང་གཅིག་ལྟར་ཡིན་པའི་མཛའ་བརྩེའི་གསེར་ཟམ་ས་གནས་གཉིས་ཀྱི་མི་དམངས་ཚོའི་སེམས་སུ་ཆགས་རྒྱུ་དང་། གོམ་གང་མདུན་སྤོས་ཀྱིས་སྡེ་དགེའི་སྐད་གྲགས་མཐོར་འདེགས་གཏོང་བ། ཕྱི་ཕྱོགས་སུ་སྡེ་དགེའི་རིག་གནས་ཡུལ་སྐོར་ཁྱབ་བསྒྲགས་ཀྱི་ཚོང་རྟགས་བཙུགས་པ། སྡེ་དགེའི་རིག་གནས་སྒྱུ་རྩལ་དང་རིག་གནས་སྲོལ་རྒྱུན་བརྒྱུད་སྤེལ་བྱེད་པ། སྡེ་དགེའི་རིག་གནས་ཡུལ་སྐོར་ཚོང་རའི་ཤུགས་རྐྱེན་ཇེ་ཆེར་གཏོང་བ། སྡེ་དགེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཤུགས་རྐྱེན་མཐོར་འདེགས་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། བྱེད་སྒོའི་ཉིན། སྡེ་དགེའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅུ་ལྷག་ཡུལ་དངོས་སུ་ཕེབས་ནས་གེ་སར་སྒྲུང་དང་ཀརྨ་སྒར་བྲིས་ཀྱི་ཐང་ག །སྡེ་དགེའི་བོད་ཤོག །པར་བརྐོས། རྫ་བཟོ། སྡེ་བྲིས། འཐག་བཟོ་སོགས་དངོས་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་གྱ་ནོམ་པ་བྱས། གཞན་ཡང་། སྡེ་དགེའི་འཐུས་ཚབ་ཚོགས་པས་ཧྥུ་ཁྲུན་རི་བོའི་མཛོད་ཁང་གསུམ་དང་ཧོང་ཀུང་ཝང་གྲོང་པ། སི་ཀྲོའུ་ཤོག་བཟོའི་གནའ་ཤུལ་བཅས་ལ་རྟོག་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས། །

སྡེ་དགེ་རྫོང་གིས་ཀྲེ་ཅང་ཧྥུ་དབྱང་དུ་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

སྡེ་དགེ་རྫོང་གིས་ཀྲེ་ཅང་ཧྥུ་དབྱང་དུ་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

སྡེ་དགེ་རྫོང་གིས་ཀྲེ་ཅང་ཧྥུ་དབྱང་དུ་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༥
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།