དར་མདོ་གྲོང་ཁྱེར་གྱི་ཡུལ་གྲོང་ཁག་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ལས་དོན་ཡག་པོ་བསྒྲུབས།

ཀུན་དགའ་བསྒྱུར།        2023-11-27

དགུན་སྟོན་གཉིས་ཀྱི་མཚམས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོར་སྒྲུབ་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ལ་འགན་ལེན་བྱ་ཆེད།ཉེ་ཆར།དར་མདོ་གྲོང་ཁྱེར་གྱི་ཡུལ་གྲོང(ཁྲོམ་གཞུང)ཁག་གིས་བྱ་ཐབས་སྣ་མང་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ལས་དོན་ཡག་པོ་བསྒྲུབས།

དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གིས་མེ་གསོད་རུ་མི་དང་།ལས་བྱེད་ལས་བཟོ།ཁོངས་གཏོགས་གྲོང་སྡེ11བཅས་ཁྱོན་མི110སྒྲིག་འཛུགས་བྱས་ནས་གཅིག་བསྡུས་ཐོག་འགག་པ་ཡུལ་ཤོག་གྲོང་སྡེ་རྩ་འཛུགས་ཀྱི་ཆུ་འཐེན་འཕྲུལ་འཁོར་རྩལ་ནུས་འགྲན་བསྡུར་དང་ཆུ་འཐེན་འཕྲུལ་འཁོར་རྩལ་ནུས་གསོ་སྦྱོང་སྤེལ་བར་མ་ཟད།ཆེད་ལས་ཕྱེད་མའི་རུ་མི10ལས་གྲུབ་པའི་རུ་ཁག་ཅིག་བདམས་ནས་འགག་པ་ཡུལ་ཤོག་གི་ཚབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྐབས་གཉིས་པའི་མེ་གསོད་རྩལ་ནུས་འགྲན་བསྡུར་ཆེ་མོའི་བྱེད་སྒོར་ཞུགས་པ་རེད།

གཉའ་ལུང་འགོ་ཁྲོམ་གཞུང་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་སྦྱོང་བརྡར་ཆེ་མོ་དང་ཆུ་འཐེན་འཕྲུལ་འཁོར་གྱི་རྩལ་ནུས་འགྲན་བསྡུར་སྤེལ་བ་དང་།“ནང་སྦྱོང་ལ་བརྟེན་ནས་འགོག་ཟོན་ལ་སྐུལ་བ་དང་སྦྱོང་བརྡར་ལ་བརྟེན་ནས་འཐབ་ཇུས་ལ་སྐུལ་བ”ཡིས་ཆེད་ལས་ཕྱེད་མའི་དཔུང་ཁག་གི་ཕྱོགས་བསྡུས་དངོས་འཐབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་།གསོ་སྦྱོང་ནང་ཞུགས་མཁན་ཡོངས་ཀྱིས་མེ་གསོད་པའི་ཆེད་ལས་ཤེས་བྱ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སེལ་བའི་བཀོལ་སྤྱོད་བརྒྱུད་རིམ་དང་རྩལ་ནུས་བརྒྱུད་རིམ་ཆ་ཚང་ངང་སློབ་སྦྱོང་བྱས་པ་རེད།

མདོ་གྲོང་ཁྲོམ་གཞུང་གིས་ཁོངས་གཏོགས་ཀྱི་གྲོང་སྡེ9སྒྲིག་འཛུགས་བྱས་ནས་དར་མདོ་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་དུ་ཆེད་ལས་ཕྱེད་མའི་རུ་ཁག་གི་མེ་གསོད་རྩལ་ནུས་ཚད་ལོན་གྱི་འགྲན་བསྡུར་སྤེལ་ཞིང་།ད་ཐེངས་འགྲན་སྡུར་གྱི་དམིགས་ཡུལ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཚུབ་བསྟུན་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས་འགག་རྩའི་དུས་སུ་ནུས་པ་ཐོན་པ་དང་།གོ་ཆོད་པ། རྒྱལ་ཁ་ཐོབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ལ་སྲུང་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།

ཅུ་དཀྱིལ་ཡུལ་ཤོག་གིས་དྲིལ་བསྒྲགས་ཤུགས་ཆེན་དང་།དཔུང་ཁག་སྟོབས་ཆེར་གཏོང་བ།དོ་དམ་དང་འགོག་ཟོན་སོགས་ནས་འགོ་བཟུང་སྟེ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་ནན་བསྐུལ་བྱས། སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་གྱིས་གྲོང་སྡེ་ཁག་ཏུ་མེ་ཟོན་ཤེས་བྱ་དང་།འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་ནས་དྲིལ་བསྒྲགས་བྱས་ཤིང་། ཡུལ་སྡེའི་ལས་བྱེད་པ་དུད་ཚང་སོ་སོར་བསྐྱོད་དེ“ནགས་ཚལ་དང་རྩྭ་ཐང་ཡོད་སར་མེ་སྤྱོད་མི་ཆོག་པའི་བཀའ་རྒྱ”དང་སོག་མ་མེར་སྲེག་མི་ཆོག་པའི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ནགས་སྲུང་བ་དང་སྤྱི་ཁུལ་ལས་སྒྲུབ་པས་མེ་ཟོན་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལས་རེས་ས་ཚུགས་འཛུགས་པ།མེ་ཟོན་མེ་གསོད་རྩལ་ནུས་གསོ་སྦྱོང་བྱེད་པ་སོགས་ལས་དོན་ཞིབ་ཚགས་སྤེལ་ནས“ནགས་ཚལ་མེ་ཟོན་ཚང་མར་འགན་འཁྲི་ཡོད་པའི”རྣམ་པ་བཟང་པོ་བཏོད་པ་རེད།།



  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ཁུལ་གཏོགས་གཞུང་དབང་ཁེ་ལས་བཅོས་བསྒྱུར་གྱི་བཞུགས་མོལ་ཚོགས་འདུ་ལ་འགན་འཁྲི་ཁུར་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་དབང་ཁེ་ལས་འཕེལ་རྒྱས་ཀྱི་ལམ་
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།