ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༩

སྐལ་ཐུབ་ཀྱིས་བསྒྱུར།        2023-11-30

    ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༩

   ཉིན100ལྷག་རྗེས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་རྒྱུ་རེད། ཁྱེད་ཚོས་གཞུང་བསྲངས་གསར་གཏོད་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་གངས་འཁྱགས་ལུས་རྩལ་པ་ཚོས་འབད་བརྩོན་ལྷོད་མེད་དང་རང་ནུས་ལས་བརྒལ་བའི་འབད་འཐབ་མྱོང་རིམ་ལྷག་པར་བསྟན་པ་དང་། ལྷད་མེད་དང་། མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་རྒྱས་འགྲེལ་མཐར་ཕྱིན་བྱེད་ཅིང་། པེ་ཅིང་ དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ངོ་མཚར་ཆེ་ཞིང་ཕུལ་དུ་བྱུང་བ། ཁྱད་དུ་འཕགས་པའི་ཨོ་ལིམ་ཕིག་གི་ལེའུ་གསར་པ་ཞིག་ཕྱོགས་ཡོངས་ནས་བརྩམ་དགོས།  ཁྱེད་ཚོས་བདེ་ཐང་གི་འཚོ་བའི་འདུ་ཤེས་དར་སྤེལ་ཧུར་ཐག་གཏོང་བ་དང་། མང་ཚོགས་ཀྱི་ལུས་རྩལ་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ། ཀྲུང་ཧྭའི་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་པར་སྐུལ་ཆེད་བྱས་རྗེས་འབུལ་རྒྱུའི་རེ་བ་ཡོད།


  2021ལོའི་ཟླ་བ10པའི་ཚེས25ཉིན་ལ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཨོ་ལིམ་ཕིག་འཕྲིན་ལམ་དང་དེའི་ཨང་ཀིའི་ལས་སྟེགས་སྤྱོད་འགོ་བཙུགས་པར་སྤྲིངས་པའི་རྟེན་འབྲེལ་ཞུ་ཡིག།


  • ལེ་ཚན་སྔོན་མ།: ཟླ་བ་དང་པོ་ནས་བཅུ་པའི་བར་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་ན་ལོའི་དུས་མཚུངས་ལས་བརྒྱ་ཆ6.9འཕར་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།