འཁྱག་པ་ནི་དངོས་ཡོད་ཀྱི་རྟོག་སྒྲུང་གསོན་པོ་ཞིག།

གུ་དཔལ་ཤིས།        2023-12-01

ངང་བས་འཕུར་འགྲོས་ཡིད་ཀྱི་ནམ་མཁའ་བསྒུལ།།

སྤྲིན་པ་དག་ཀྱང་གློ་བུར་འཚུབ་ཆ་རྒོད།།

ཉི་ཟླའི་སྣང་བ་སྨག་གི་ཡུལ་ལྗོངས་གྱུར།།

ཨེན་ཙམ་ཡིད་ཀྱི་དྲན་པ་སྣང་ལ་ཤོར།།

སྨུག་ལོང་སྐོར་ཚོམ་ཚོར་བའི་གྲུ་ཁར་རྒྱུ།།

འཁྱག་པའི་གསང་བ་མིག་ལ་ཐོགས་ཚུལ་གྱི།།

དབུ་ཁྱུད་རི་མོ་སྙིང་བ་ཕབ་སྟངས་ཡིན།།

ལོ་ཞག་ཟླ་བ་ལུ་གུ་རྒྱུད་དུ་བཞུད།།

འཚོ་བ་དགའ་སྐྱོའི་སྤྲིན་པ་དཀར་ནག་འཁྱུག།

ཡིད་ཀྱི་ལུ་གུ་འཁྱག་པའི་ཐང་གཞུང་དེར།།

མེ་ཁ་དྲོ་བའི་འཁོར་བའི་གཏམ་རྒྱུད་མང་།།

ཐོབ་དང་ནོར་གྱིས་ཉོས་པ་མ་རེད་དེ།།

དབང་དང་བཙན་གྱིས་ཁྲིད་པ་མ་རེད་དོ།།

ལས་ཀྱི་སྟངས་ཀ་ལམ་ལ་དོད་ཚུལ་འདི།།

འཁྱག་པའི་ལྗང་བུ་ཡི་གར་བཞད་པའི་ཚུལ།།

བརྡ་དང་ཚིག་གིས་བརྗོད་ཚོད་མ་རེད་དོ།།

ངག་དང་རླུང་གིས་ཟིན་ཚོད་མ་རེད་དོ།།

ཡིད་ཀྱི་ཆུ་མོ་ལྷང་ལྷུང་བཞུར་བ་ཡི།།

འཕར་ལྡིང་དབུགས་ཀྱི་འགྲོས་སུ་ཡང་ཡང་ལྷུང་།།



  • ལེ་ཚན་སྔོན་མ།:ཁམས་པའི་ཕོ་རྒོད།
  • ལེ་ཚན་རྗེས་མ།:གཡུ་ཆུང་དྲུག་དཀར།