རང་ཁུལ་གྱི2023ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་མུ་མཐུད་འཕར་སྣོན་བྱུང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-12-04

སྤྱི་ཟླ11པའི་ཚེས27ཉིན་ལ། གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་བཞི་པ་ཤར་ཚུན་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྔར་བས་གཏན་འཁེལ་བྱས་ནས། ལས་དོན་སྤེལ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། ཐོན་སྐྱེད་དམ་འཛིན་དང་ལས་གཞིར་སྐུལ་འདེད། འཛད་སྤྱོད་ལ་སྐུལ་འདེད། བདེ་འཇགས་འགན་ལེན་བཅས་བྱས་ནས་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕེལ་རྒྱས་རྣམ་པ་བཟང་པོ་མུ་མཐུད་དེ་རྒྱུན་སྲུང་ཐུབ་ནས་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་རེད། ཟླ་བ་དང་པོ་ནས་བཅུ་པའི་བར་ཁུལ་ཡོངས་ཀྱི་ཟླ་རེར་དམིགས་ཚད་ཁག4ཚང་མ་གྲངས་གནས་གཉིས་འཕར་ནས། འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་བརྒྱ་ཆ14འཕར་བ་དེ་ཟླ་བ་དང་པོ་ནས9པའི་བར་ལས་བརྒྱ་ཆའི་གྲངས1.4ཆག་པ་དང་། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས7.6ལས་མཐོ་ཞིང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད།

སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བརྒྱ་ཆ12.5འཕར་བ་དེ་ཟླ་བ་དང་པོ་ནས9པའི་བར་ལས་བརྒྱ་ཆའི་གྲངས1.7ཆག་པ་དང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས7.6ལས་མཐོ་ཞིང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད།

སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར115.61བྱུང་བ་དང་བརྒྱ་ཆ11.2འཕར་བ་དེ་ཟླ་བ་དང་པོ་ནས9པའི་བར་ལས་བརྒྱ་ཆའི་གྲངས0.1ཆག་པ་དང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས1.8ལས་མཐོ་ཞིང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་བཞི་པར་སླེབས་པ་རེད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར50.12ལ་ཟིན་པ་དང་། བརྒྱ་ཆ28.3འཕར་བ་དེ་ཟླ་བ་དང་པོ་ནས9པའི་བར་ལས་བརྒྱ་ཆའི་གཞི་གྲངས1.4མགྱོགས་སུ་ཕྱིན་ཞིང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་རེད།།



  • ལེ་ཚན་སྔོན་མ།: ལི་ཐང་རྫོང་གིས་ཡ་རབས་འགྲིམ་འགྲུལ་བྱེད་སྟངས་བྱིས་པའི་དུས་ནས་སློབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།