རང་ཁུལ་གྱིས2023ལོའི་ཉེན་མེད་འཛུགས་སྐྱོང་དང་ལས་དོན་གཙོ་བོའི་འཆར་ཅན་ཚོགས་འདུ་ཐེངས་དགུ་པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-12-13

སྤྱི་ཟླ12པའི་ཚེས8ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་བཀའ་མངགས་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥུ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་རང་ཁུལ་གྱི2023ལོའི་ཉེན་མེད་འཛུགས་སྐྱོང་དང་ལས་དོན་གཙོ་བོའི་འཆར་ཅན་ཚོགས་འདུ་ཐེངས་དགུ་པ་འཚོགས་པ་རེད།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་འཆར་ཅན་ཚོགས་འདུར་ཞུགས་ཡོད།

ཚོགས་འདུར་སྤྱི་ཟླ12པ་དང་སང་ལོའི་ཟླ་བ་དང་པོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་གཏོང་བའི་གཙོ་དོན་སློབ་གསོ་ཕྱོགས་སྡོམ་གྱི་དུས་ཤིག་དང་། འདི་ལོའི་ལས་དོན་མཇུག་སྒྲིལ་པ་དང་སང་ལོའི་འགོ་འཛུགས་པའི་འགག་རྩའི་དུས་ཤིག་ཡིན་ལ། ཉེན་མེད་བརྟན་བརླིང་གི་འགག་རྩའི་དུས་ཤིག་ཀྱང་ཡིན་པས། ངེས་པར་དུ་རྟིང་མཆོང་དང་མཇུག་འགྲན་ལས་རྣམ་པར་རྒྱལ་བའི་རྣམ་འགྱུར་ཐོག་ནས་ལས་དོན་གཙོ་གནད་ཁག་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུར་གཅིག་ནས་གཙོ་དོན་སློབ་གསོ་ལ་དམ་འཛིན་ཡག་པོ་བྱ་དགོས་པ་དང་། གཉིས་ནས་དམིགས་ཚད་དཔྱད་ཞིབ་ལ་དམ་འཛིན་ཡག་པོ་བྱ་དགོས། གསུམ་ནས་གནད་དོན་དག་ཐེར་ཡོ་བསྲང་ལ་དམ་འཛིན་ཡག་པོ་བྱ་དགོས། བཞི་ནས་ཉེན་མེད་བརྟན་བརླིང་ལ་དམ་འཛིན་ཡག་པོ་བྱ་དགོས། ལྔ་ནས་ལོ་མཇུག་གི་མཇུག་བསྡུའི་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས། དྲུག་ནས་སང་ལོའི་ལས་ཀ་ལས་འགོ་ཡག་པོ་བརྩམ་རྒྱུར་དམ་འཛིག་ཡག་པོ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི“9·5”ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱི་མང་ཚོགས་ལས་དོན་ཚོ་ཆུང་གི་ལས་དོན་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཡ་རབས་འགྲུལ་སྐྱོད་ཀྱི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།