ལྕགས་ཟམ་རྫོང་གིས་ལས་གཞི་འདི་ལ་མ་དངུལ་སྒོར་ཁྲི3200བཏང་ནས་བསྐྲུན།

        2023-12-11

ལྕགས་ཟམ་རྫོང་གིས་ལས་གཞི་འདི་ལ་མ་དངུལ་སྒོར་ཁྲི3200བཏང་ནས་བསྐྲུན། 

     སྤྱི་ཟླ12པའི་ཚེས8ཉིན། ཁུལ་རིག་གནས་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་རིག་གནས་ཡུལ་སྐོར་ཚོང་དོན་སྤྱི་གཉེར་ཁང་དང་ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་རྫ་གླིང་གྲོང་སྡེ་གཉིས་ཀྱིས། རྫ་གླིང་གྲོང་སྡེར་བསྐྲུན་པའི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་ལས་གཞིའི་གཉེར་སྐྱོང་ལས་དོན་ཐད་མཉམ་ལས་ཀྱི་གྲོས་མཐུན་བྱུང་ནས་གན་རྒྱ་བཞག་པ་རེད།


ལྕགས་ཟམ་རྫོང་གིས་ལས་གཞི་འདི་ལ་མ་དངུལ་སྒོར་ཁྲི3200བཏང་ནས་བསྐྲུན།


     ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེ་ནི་ལྕགས་ཟམ་རྫོང་གིས་མ་དངུལ་སྒོར་ཁྲི3200བཏང་ནས་བསྐྲུན་པ་ཞིག་ཡིན་ལ། མིག་སྔར་ཡུལ་སྐོར་ལྟེ་གནས་དང་གྲོང་ཚོའི(ཟམ་པ)ལོ་རྒྱུས་ཁང་དང་། རླངས་འཁོར་ཉིས་བརྒྱ་ཙམ་ཤོང་བའི་འཁོར་ལྷས་གཉིས་དང་། ཆུ་གློག་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཚང་མར་བསྐྲུན་ཟིན་ནས་ཡུལ་སྐོར་བར་སྣེ་ལེན་བྱེད་ཆོག་པ་རེད། རྗེས་མར་ཁུལ་རིག་གནས་ཡུལ་སྐོར་ཚོགས་པས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཚོང་དོན་སྤྱི་གཉེར་ཁང་གི་ད་ཡོད་རྨང་གཞིའི་ཐོག་ཐོན་ཁུངས་སྔར་བས་ལེགས་པར་བསྒྲིགས་ནས། བཟའ་བཅའ་དང་སྡོད་གནས། འགྲིམ་འགྲུལ། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་སྣ་དྲུག་གཞི་གཅིག་ཅན་གྱི་ཡུལ་སྐོར་དྲྭ་གྲགས་ཞབས་ཞུ་ཁུལ་དང་ཐོ་འགོད་སར་བརྩོན་ལེན་བྱ་རྒྱུ་རེད།


ལྕགས་ཟམ་རྫོང་གིས་ལས་གཞི་འདི་ལ་མ་དངུལ་སྒོར་ཁྲི3200བཏང་ནས་བསྐྲུན།


     གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ལྕགས་ཟམ་རྫོང་ཨུའི་འབྲེལ་ཡོད་འགན་འཁུར་བས་ཡུལ་སྡེ་དར་རྒྱས་གཏོང་བར་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་བརྩོན་ལེན་བྱས་ཏེ“དྲྭ་གྲགས་ཟམ་ཆེན”གྱི་མཛེས་ལྗོངས་ཁུལ་ཡག་ཤོས་དང་འགྲིམ་འགྲུལ་ས་བབ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྫ་གླིང་གྲོང་སྡེའི་ཉི་གདུགས་སྒང་ཐང་དུ་ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་སྐྱོད་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཡོད། ད་ཆ་ལས་གཞི་བསྐྲུན་ཟིན་པ་དང་འབྲེལ་གན་རྒྱ་བཞག་ནས་གཉེར་སྐྱོང་བྱས་པ་དེས་རྫ་གླིང་གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ནས་མ་འོངས་པར་ཁེ་ལས་དང་ཡུལ་སྡེ་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།




ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༧༣༽
  • ལེ་ཚན་རྗེས་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ལས་དོན་འབྲེལ་མཐུད་གནང་བར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།