རང་ཁུལ་གྱི་གཙོ་གནད་ལས་གཞིར་ཟླ་བ་དང་པོ་ནས་བཅུ་པའི་བར་མ་དངུལ་སྒོར་དུང་ཕྱུར364.69བཏང་ཡོད།

ལྷ་འཛོམས་ཀྱིས་བསྒྱུར།        2023-12-06

སྤྱི་ཟླ11པའི་ཚེས29ཉིན་ལ་གསར་འགོད་པས་ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོར་རང་ཁུལ་ལ་གཙོ་གནད་ལས་གཞི200ཡོད་པ་དང་ལོ་འཁོར་ལ་མ་དངུལ་སྒོར་དུང་ཕྱུར440.93གཏོང་རྩིས་ཀྱི་འཆར་གཞི་ཡོད། སྤྱི་ཟླ་དང་པོ་ནས་བཅུ་པའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར364.69བཏང་སྟེ་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ82.71ལ་ཟིན་ཡོད། དེའི་ནང་འཕྲོར་སྐྲུན་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར340.68བཏང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ86.65ལ་ཟིན་ཡོད། གསར་དུ་ལས་འགོ་བཙུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར24.01བཏང་ཞིང་། ལོ་འཁོར་འཆར་གཞིའི་བརྒྱ་ཆ50.28ལ་ཟིན་ཡོད། ཨར་ལས་ལེགས་གྲུབ་བྱུང་ནས་ཐོན་སྐྱེད་བྱེད་འགོ་བཙུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར62.33བཏང་ཞིང་ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ106.15ལ་ཟིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།