བྱེའུ་སྐད།

ཡ་དིང་ཨ་ཁོད་ཚང་བསྟན་འཛིན་ཉི་མ།        2023-12-08

བྱེའུའི་སྐད་འགྱུར་ལས།

ངས། ལྷིང་འཇགས་ཀྱི་རི་ལུང་ཞིག་གི་ས་

རུབ་པའི་རྣམ་པ་མཐོང་ཡོང་།

མི་ཡི་འཇིག་རྟེན་ལས་བརྒལ་བའི་ཚེ་སྲོག་ཅིག་

གི་རྣམ་པ་མཐོང་ཡོང་།

གཞན་གྱིས་མ་མཐོང་བའི་རང་བྱུང་ཁམས་ཆེན་

མོའི་རྣམ་པ་ཞིག་ཀྱང་མཐོང་ཡོང་།

ཡང་ན། སྨྲ་བ་ཤིན་ཏུ་དཀའ་བ་ཞིག་ཡང་ཡང་

མཐོང་ཡོང་བར་འདུག།

བྱེའུ་ལགས།

ཁྱེད་ཀྱི་སྐད་གསང་དེའི་ནང་ན།

རྒྱ་ཆེ་བ་ནམ་མཁའ་ལས་ཀྱང་མཐའ་ཡས་པ་ཞིག་འདུག།

གཏིང་ཟབ་པ་རྒྱ་མཚོ་ཆེན་པོ་ཞིག་གི་ཚད་

ལས་ཀྱང་འདས་པར་འདུག།



  • ལེ་ཚན་སྔོན་མ།:སེམས་ཀྱི་ཕྱི་ནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།