བསམ་བློ་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྣེ་ཁྲིད་བྱེད།

ཨོ་རྒྱན་གྱིས་བསྒྱུར།        2023-12-07

    འབྲི་ཆུའི་ཟུར་གསུམ་གླིང་ནི་འབྲི་ཆུའི་དཔལ་འབྱོར་རྒྱུད་དང“རྒྱུད་གཅིག་ལམ་གཅིག”གི་སྣོལ་མཚམས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་ཁྱོན་ཡོངས་ཀྱི་སྒོ་འབྱེད་ཆགས་སྟངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་འཆར་འགོད་དང་། བཀོད་སྒྲིག། འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་གནང་ཡོད་པ་རེད། ཧྲང་ཧའེ་དང་། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅིས་བཀོད་སྒྲིག་གནང་བའི་འཕེལ་རྒྱས་ཀྱི་འཆར་འགོད་དེ་རྩ་བའི་གཞི་འཛིན་སར་བྱས་ནས“རྒྱལ་ཡོངས་འཕེལ་རྒྱས་ཀྱི་འཁྲུག་ཆ་དོད་པའི་འཕར་གཞི་གསར་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་ཁུལ། དེང་རབས་ཅན་གྱི་སྣེ་ཁྲིད་ཁུལ། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ། བསྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བཅས”ཀྱི་འཐབ་ཇུས་ངེས་གནས་བཅས་ལ་དམ་པོར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེ་སྟངས་འཛིན་ནན་པོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབྲི་ཆུའི་ཟུར་གསུམ་གླིང་གི་ལེའུ་གསར་པ་ཧུར་ཐག་གཏོད་དགོས། 

     ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་གྲངས་གཞིར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་ཁྲི260ལྷག་ཟིན་པ་དེས་རྒྱལ་ཡོངས་ཀྱི་དུས་མཚུངས་ཀྱི་ཐོན་ཚད་བཅུ་ཆ་བཞི་ལྷག་བཟུང་ཡོད། འབྲི་ཆུའི་ཟུར་གསུམ་གླིང་གི“རླངས་འཁོར་བཟོ་བའི་ས་ཁོངས”ཁྲོད་ཧྲང་ཧའེ་ཡིས་ཉིང་ལྷེབ་དང་མཉེན་ཆས་སོགས་རླངས་འཁོར“ཀླད་ཆེན”ཇུས་འགོད་དང་མཁོ་འདོན་བྱས་པ་དང་། ཅང་སུའུ་ཡིས་སྒུལ་ཤུགས་གློག་རྫས་མཁོ་འདོན་བྱས་པ། ཀྲེ་ཅང་གིས་གཞི་གཅིག་ཅན་གྱི་བཙིར་གནོན་འཕྲུལ་འཁོར་མཁོ་འདོན་བྱས་པ། ཨན་ཧུའེ་ཡིས་རླངས་འཁོར་ཆ་ཚང་སྒྲིག་སྦྱོར་བྱས་པ་སོགས་རླངས་འཁོར་གཅིག་གི་འཁོར་འབྲེལ་ཆ་ཚང་ཆུ་ཚོད4ཡི་ལམ་ཐག་ནང་བསྐྲུན་ཡོད་པ་རེད།
     ནུས་རྒྱུ་གསར་པའི་རླངས་འཁོར“ཆུ་ཚོད4ཡི་ཐོན་ལས་འཁོར་རྒྱ”ནི་ཉེ་བའི་ལོ་ཤས་རིང་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ཐོན་ལས་འདུས་འཛོམས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཁྲུག་ཆ་དོད་ཤོས་དང་། སྒོ་འབྱེད་ཚད་གཞི་མཐོ་ཤོས། གསར་གཏོད་ནུས་པ་ཆེ་ཤོས་བཅས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་ངོས་ནས་དུས་རབས་གསར་པར་སླེབས་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་མདུན་དུ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་མཛུབ་སྟོན་གལ་ཆེན་གྱིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་དང་། འགན་འཁྲི་གཙོ་བོ། ཐབས་ལམ་གཙོ་གནད། རྩ་བའི་འགན་ལེན་བཅས་གསལ་སྟོན་བྱས་ཡོད་པས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
     2018ལོའི་ཟླ11ཚེས5ཉིན་ཧྲང་ཧའེ་རུ་གཉེར་བའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བསྒྱུར་ཏེ་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད“མགྱོགས་མྱུར་འཕེལ་རྒྱས་གཏང་དགོས”ཞེས་ནན་ཏན་ངང་ཁྱབ་བསྒྲགས་གནང་བ་རེད། ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་གླིང་གི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་ལ་ཐེངས་མང་རྟོག་ཞིབ་གནང་སྟེ། “གཞི་གཅིག་ཅན”དང“སྤུས་ཚད་མཐོ་བའི”འགག་རྩའི་ཚིག་གཉིས་དམ་པོར་བཟུང་ནས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པ་འགྲོ་བར་སྐུལ་འདེད་གཏང་དགོས་པ་ནན་གསུངས་གནང་ཡོད་པ་རེད།
     མངགས་བཅོལ་སེམས་ལ་བརྟན་པོར་བཅངས་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད།
     ལོ་ལྔའི་རིང་འབྲི་ཆུའི་ཟུར་གསུམ་གླིང་གི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་འགག་སྒྲོལ་གལ་ཆེན་བྱུང་ཡོད། གསར་གཏོད་ཀྱི་འབྲེལ་ཐག་ནས་ཐོན་ལས་ཀྱི་འབྲེལ་ཐག་བར་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ལེགས་ཆ་གསབ་རེས་ཀྱིས་འཛམ་གླིང་རིམ་པའི་ཐོན་ལས་ཚོགས་སྤྱི་ལག་གདང་སྦྲེལ་ནས་བཏོད་དེ་ཐོན་ལས་མཉམ་ལས་གཞི་གཅིག་ཅན་གྱི་རྣམ་པ་གསར་པ་ཞིག་ཐུན་མོང་ཐོག་ཆགས་པར་བྱས། 2022ལོའི་ལོ་མཇུག་བར་འབྲི་ཆུའི་ཟུར་གསུམ་གླིང་དུ་མཐོ་གསར་ལག་རྩལ་ཁེ་ལས་ཁྲི11.6གཅིག་སྡུད་བྱས་པ་དེས་རྒྱལ་ཡོངས་ཀྱི་སྡུར་གྲངས་ཀྱི30%ཙམ་བཟུང་བ་དང་། འདུས་གྲུབ་གློག་ལམ་ཁེ་ལས་ཀྱི་སྤྱིའི་གཉེར་སྐྱོང་ཡོང་འབབ་ཀྱིས་རྒྱལ་ཡོངས་ཀྱི་50%བཟུང་། མི་ཐབས་རིག་ནུས་ཐོན་ལས་ཀྱི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་སྡུར་གྲངས་ཀྱི་གསུམ་ཆ་གཅིག་ཙམ་བཟུང་། ཧྲང་ཧའེ་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ལྟེ་བར་བྱས་ཤིང་། ནན་ཅིང་དང་ཧང་ཀྲོའུ་སོགས་གྲུ་ཁ16གིས་རྐང་འཛིན་བྱས་པའི་ཞང་ཀང་གི་གྲུ་ཁ་སྤྱི་ཡོངས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། 2022ལོར་འབྲི་ཆུའི་ཟུར་གསུམ་གླིང་གི་གྲུ་ཁའི་དོས་སྒམ་འདོན་འཇུག་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་སྡུར་ཚད་ཀྱི38%ཙམ་བཟུང་ཡོད།

     ལོ་ལྔའི་ནང་འབྲི་ཆུའི་ཟུར་གསུམ་གླིང་གི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དེ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་མཚམས་སུ་སླེབས་པ་དང་། མྱུར་བགྲོད་ལྕགས་ལམ20ལྷག་ཙམ་དུ་སྔ་རྗེས་སུ་མེ་འཁོར་ཤར་གཏོང་ཐུབ་པ་དང་། མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ7000ཙམ་ཟིན་ཞིང་། སྐམ་སའི་ས་ཁོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་སྒུལ་འཁོར་ཤར་གཏོང་ཐུབ་ཡོད། མྱུར་བགྲོད་གཞུང་ལམ་གྱི་དྲ་བ་སྤྱི་ལེ་ཁྲི1.67ཟིན་པ། ཆུ་ཚོད་ཕྱེད་ཀ་ཙམ་རིང་གི་ལས་སྒྲུབ་ཁུལ་དང་། ཆུ་ཚོད1རིང་གི་འཚོ་བའི་ཁུལ། ཆུ་ཚོད3རིང་གི་མྱུར་བགྲོད་ལྕགས་ལམ་ཁུལ་བཅས་ཡོད་པས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག“ཁྱིམ་མཚེས་བར”ནས“ཁྱིམ་ཚང་གཅིག”ཏུ་གྱུར་ཡོད་པ་རེད།

     ལོ་ལྔའི་རིང་འབྲི་ཆུའི་ཟུར་གསུམ་གླིང་གིས་ལམ་སྲོལ་གསར་གཏོད་ལ་བརྟེན་ནས་སྲིད་འཛིན་ས་ཁོངས་ཀྱི་ཚོད་འཛིན་ཚད་བརྒལ་བྱས་ཏེ་ཁྲོམ་རར་འཇུག་འཐུས་ཀྱི་ཐོ་འགོད་ཚད་གཞི་དང་། ཞབས་ཞུ་ཚད་ལྡན། ཆ་འཕྲིན་མཉམ་སྤྱོད། གསར་གཏོད་གོམ་སྟབས་བཅས་ཀྱི“གཅིག་གྱུར་བཞི”བཅས་མངོན་འགྱུར་བྱས་པ་དང་གཉེར་སྐྱོང་གཙོ་གཟུགས་ཀྱི་ཐོབ་ཐང་དྲྭ་ཐོག་ནས“ཐེངས་གཅིག་ལ་ཞིབ་བཤེར་ར་སྤྲོད་དང་། ཁྱོན་ཡོངས་ནས་དྲ་བ་སྤྱོད་པ”དང་གློག་རྡུལ་ལས་གཉེར་ལག་ཁྱེར་མཉམ་སྤྱོད་ཐུབ་ནས་བསྐྱར་དུ་སྤྱོད་ཆོག་པ་དང་། སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་ཡོད།

     འགོ་འཛུགས་ས་གསར་པར་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སླར་ཡང་གོ་སྐབས་གསར་པ་འཕྲད་པ་དང་འགྲན་སློང་གསར་པ་འཕྲད་ཡོད། ཟླ11ཚེས30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་འཐོབ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲོད་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱིས་རིམ་པ་དེ་བས་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་རྣམ་པ་གསར་པ་གཏོད་ཆེད་བླང་བྱ་གསར་པ་འདོན་པ་དང་ལས་འགན་གསར་པ་བཀོད་སྒྲིག་བྱ་དགོས་པའི་ནན་གསུང་གནང་བ་རེད།


  • ལེ་ཚན་སྔོན་མ།:སྲིང་ཆུང་མ་སྲིད་གཅེས་ལ་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།