འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།

ཆོས་གྲགས་ཀྱིས་བྲིས་ཤིང་པར་བླངས།        2023-12-13

   འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།

  ཉེ་ཆར། ཀྲུང་གུང་འབའ་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་གཙོ་འགན་ཁུར་བ་དང་། འབའ་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་འབའ་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་ཡིག་དུས་དེབ《བྱ་ཁྱུང》འདོན་ཐེངས་གསུམ་པ་རྩོམ་པ་པོ་ཚོའི་སྤྱན་ལམ་དུ་ཕུལ་ཐུབ་པའི་སྐལ་བ་བྱུང་བ་རེད།

འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།
འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།

འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།


     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཡིག་དུས་དེབ《བྱ་ཁྱུང》ནི་ལོ་དེབ་ཅིག་ཡིན་ཞིང་། ད་ལོའི《བྱ་ཁྱུང》དུས་དེབ་ནི་འདོན་ཐེངས་གསུམ་པ་ཡིན། དུས་དེབ་དེའི་ནང་དོན་གྱི་ཆ་ནས་སྒྲུང་གཏམ་འཚོ་བའི་རི་མོ་དང་ལྷུག་རྩོམ་འོ་མའི་ཆུ་ཕྲན། སྙན་རྩོམ་སྒྱུ་མའི་མེ་ཏོག། སྲོལ་རྒྱུན་མེས་པོའི་ཞལ་རྒྱུན། བསྒྱུར་རྩོམ་ཡིད་ཀྱི་བག་མ། དཔྱད་རྩོམ་རིག་པའི་རྩེད་འཇོ། བློ་གསལ་བུང་བའི་རྩེད་ར་བཅས་ལས་གྲུབ་ཡོད་ཅིང་། འབའ་ཐང་གཙོས་པའི་རྒྱལ་ནང་གི་ཕ་སྐད་མ་ཡིག་ལ་དགའ་དུང་ཆེ་བའི་རྩོམ་པ་པོ་ཡོངས་ལ་རྩོམ་འབྲིའི་གར་སྟེགས་བཟང་པོ་ཞིག་བསྐྲུན་པ་དང་ཆབས་ཅིག། རང་ཁུལ་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་འཛིན་དར་སྤེལ་གྱི་བྱ་གཞག་ལ་སྐུལ་ཤུགས་ཆེན་པོ་ཐེབས་ཡོད།

འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།
འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།
འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།

     འབའ་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ནི2021ལོའི་ཟླ་བ5པར་བཙུགས་ཤིང་། འབའ་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་དོ་དམ་འགོ་ཁྲིད་འོག་རྩོམ་སྒྲིག་པ་ཚང་མས་ཞོར་འགན་དང་དུ་བླངས་ཏེ། ནང་དོན་དང་པར་ངོས། པར་རིས་སོགས་གང་ཅིའི་ཐད་ལ་སྲིད་མཐུན་ཁྲིམས་མཐུན་ལུགས་མཐུན་ཡོང་བར་འབད་དེ་དུས་དེབ་འདི་བརྒྱུད་ནས་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཆར་ཕན་ཐོགས་པར་སྙིང་ནས་རེ་བཞིན་ཡོད་དོ།།

འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།
འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།
འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཡ་རབས་འགྲུལ་སྐྱོད་ཀྱི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༥
  • དོ་སྣང་ཆེ་བའི་རྩོམ།