ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༥

སྐལ་ཐུབ་ཀྱིས་བསྒྱུར།        2023-12-13

    ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༥

   ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཡིན། ལོ་བརྒྱ་ཕྲག་གི་རྒྱང་སྐྱོད་ཟིལ་རླབས་དགུང་དུ་འཕྱུར་ཞིང་། ལོ་བརྒྱ་ཕྲག་གི་ཐོག་མའི་བསམ་འདུན་ཡུན་ནས་ཡུན་དུ་བརྟན། ཀྲུང་གོ་གུང་ཁྲན་ཏང་ནི་རིག་གནས་ཀྱི་རང་རྟོགས་ཚད་མཐོན་པོ་ལྡན་པའི་ཏང་ཞིག་ཡིན་པ་དང་། ཏང་གིས་ལོ་བརྒྱའི་འབད་འཐབ་ ལས་རང་རྒྱལ་རིག་གནས་འབད་འཐབ་ཀྱི་ལོ་རྒྱུས་འདུས་ཡོད། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་། མི་རིགས་དང་ཚན་རིག། མང་ཚོགས་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གསར་པ་འཛུགས་ཤིང་སྤེལ་བ་དེ་རང་ཉིད་ཀྱི་ལས་འགན་དུ་བཟུང་སྟེ། རིག་གནས་འཛུགས་སྤེལ་དང་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་རབ་ཏུ་བསྐུལ་ཡོད།


       2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད།


  • ལེ་ཚན་སྔོན་མ།:འབའ་ཐང་གི《བྱ་ཁྱུང》དུས་དེབ་འདོན་ཐེངས་གསུམ་པ་བཏོན་འདུག།
  • ལེ་ཚན་རྗེས་མ།:རྒྱལ་ནང་གི་ཆུ་གློག་ས་ཚུགས་ཆེ་ཤོས་བསྐྲུན་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།