སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར70ལོན་པའི་ཚོགས་འདུ།

    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།    2023-12-26

     སྤྱི་ཟླ12པའི་ཚེས22ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར70ལོན་པའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས།ཚོགས་ཐོག་ཏུ་དྲྭ་ལམ་དང་ཡུལ་དངོས་བརྒྱུད་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འདས་ཟིན་པའི་ལོ་ཟླའི་ནང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་ཕྱོགས་བསྡོམས་དང་།ཡིད་ཆེས་དང་རེ་བས་ཁེངས་པའི་མ་འོངས་པའི་མདུན་ལམ་ལ་སྐུལ་མ་བྱས། 

 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར70ལོན་པའི་ཚོགས་འདུ།

   1953ལོའི་སྤྱི་ཟླ7པའི་ཚེས1ཉིན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ཁྲེང་ཏུའུ་གྲོང་ཁྱེར་དུ་གསར་དུ་བཙུགས་ཤིང་།བགྲང་ལོ70ལྷག་གི་རིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཐོག་མཐའ་བར་གསུམ་དུ“མི་རིགས་ལ་གཞིར་བཟུང་བ་དང་སྤྱི་ཕན་ལེགས་གཉེར།ཤེས་དཔལ་རྒྱུན་འཛིན་དང་དམངས་ལ་ཞབས་ཞུ”དམིགས་ཡུལ་དུ་བཟུང་ནས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད།མི་རིགས་དཔེ་སྐྲུན་པ་སྐོར་ཞིག་གི་ལྷག་བསམ་ཟོལ་མེད་དང་འབད་འབུངས་ཡར་བརྩོན་ལ་བརྟེན་ནས་སི་ཁྲོན་ལ་གཞིར་བཟུང་བ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་ཁྱད་ཆོས་ལྡན་པ་དང་སྤུས་ཚད་མཐོ་བའི་མི་རིགས་རིག་གནས་དང་འབྲེལ་བའི་དཔེ་དེབ་སྤུས་ལེགས་གང་མང་ཞིག་པར་དུ་བསྐྲུན། 


སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར70ལོན་པའི་ཚོགས་འདུ།


   སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྔར་གྱི་ཏང་ཙུའུ་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཞི་གཞོན་པ་ཆུའུ་མུའུ་ཧྲི་ཧ། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་སྔར་གྱི་ཏང་ཙུའུ་ཡི་ཁོངས་མི་ཀྲང་ཙུའོ་ཧ། ཀྲུང་གོའི་དེང་རབས་ཀྱི་སྙན་ངག་པ་གྲགས་ཅན། གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཀྲུང་གོ་རྩོམ་པ་པོའི་སྙན་ངག་མཐུན་ཚོགས་ཀྱི་ཀྲུའུ་རེན་ཅཱི་ཏི་མ་ཅཱ། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྔར་གྱི་ཀྲུའུ་ཞི་གཞོན་པ། བོད་རིག་པའི་ཆེད་མཁས་པ་ནོར་བུ་རྒྱལ་མཚན། ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་ཀྱི་ལས་འཛིན་གཞོན་པ་ལི་ཕིང་དབྱི། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན་གཞོན་པ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གི་སྔར་གྱི་ཀྲུའུ་རེན་རྒྱ་མཚོ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེགས། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་མཱེང་ཧྭ།སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞིན་པ་མཱ་ཧྥེ། སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པའི་ཏང་ཨུའི་ཧྲུའ་ཅི་གཞོན་པ་དང་ཏུང་ཧྲི་ཀྲང་གཞོན་པ། སྤྱི་གཉེར་བ། ཞིན་ཧྭ་ཝན་ཤན་དཔེ་སྐྲུན་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཨུ་ཡོན་དང་ཏུང་ཧྲི་ཀྲང་གཞོན་པ་ནུའུ་ལུང་ཀྲང་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར70ལོན་པའི་ཚོགས་འདུ།


     ཀྲུང་གོ་དཔེ་སྐྲུན་ལས་དོན་པའི་མཐུན་ཚོགས་དང་ཀྲུང་གོ་པར་དབང་མཐུན་ཚོགས་མི་རིགས་ལས་དོན་ཨུ་ལྷན། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས། མི་རིགས་དཔེ་སྐྲུན་ཁང་སོགས་རྒྱལ་ཡོངས་ཀྱི་མི་རིགས་དཔེ་སྐྲུན་ཁང་། དེ་མིན་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་པའི་འབྲེལ་ཡོད་མི་རིགས་དཔེ་སྐྲུན་ཁང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།  ཀྲུང་གོ་པར་དབང་མཐུན་ཚོགས་ཀྱི་ལས་འཛིན་ཡན་ཞའོ་ཧུང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་འཇམ་དཔལ་རྒྱ་མཚོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།  འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཧུའུ་སུའུ་ཧྭ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ།  འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ལིན་ཅཱི་ཧྥུའུ་ཡིས་ཀྱང་དྲྭ་ཐོག་ནས་རྟེན་འབྲེལ་ཞུས། འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཚབ་གནང་སྟེ་ཤིས་ཚིག་ཕུལ།

     ཚོགས་ཐོག་ཏུ་ཐོགས་མེད་དང་ལུའོ་ཆིང་ཁྲུན། ཀེན་ཅིན། ཧྭང་ཧྲང་ཅུན་བཅས་ཀྱིས་ཁོང་ཚོ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བར་གྱི་ལས་འབྲེལ་དང་འབྲེལ་ཏེ་གཏམ་བཤད་བྱས། ལས་བཟོ་བའི་འཐུས་ཚབ་ཅན་ཐང་ཅིན་གྱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་སྐྲུན་མཁན་རབས་སོ་སོས་དཀའ་སྤྱད་འབད་འབུངས་དང་། ངལ་བ་དང་ལེན་བྱས་པའི་འདས་སོང་གི་ལོ་རྒྱུས་མྱོང་རོལ་བྱས། ཚོགས་ཞུགས་འགོ་ཁྲིད་རྣམ་པས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བགྲང་ལོ་བདུན་ཅུའི་འཕེལ་རྒྱས་དང་། ལྷག་པར་དུ་འདས་པའི་ལོ་བཅུའི་ནང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གཟེངས་བསྟོད་དང་ཁས་ལེན་གང་ལེགས་གནང་། མི་རིགས་དཔེ་སྐྲུན་ཁང་གི་ཕྲག་ཏུ་དབབ་པའི་འགན་འཁྲི་མུ་མཐུད་དུ་ཁུར་ནས་མི་རིགས་དབར་གྱི་འགྲོ་འོང་དང་བརྗེ་རེས།  མཉམ་འདྲེས་བཅས་ལ་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དང་། མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས། རྒྱལ་ཁབ་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་དང་མི་རིགས་སྣ་མང་། སྐད་ཡིག་སྣ་མང་བཅས་དཔེ་སྐྲུན་བྱ་རྒྱུའི་ཐད་ལ་གསར་བཏོད་དར་སྤེལ་དང་བྱས་རྗེས་གསར་པ་འཇོག་དགོས་པའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་ལ་ཐུགས་རེ་ཟབ་མོ་གནང་། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༨
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི“ཞིང་གསུམ”ལས་ཀའི་མཛུབ་སྟོན་ལ་ལན་ཆ་བཟང་པོ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།