བདེ་སྐྱིད་ཀྱིས་བསྒྱུར། 2023-12-27
ཉེ་ཆར། 2023ལོ་འཁོར་གྱི་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ལས་དོན་འབྲེལ་གཏུག་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་རིམ་པ་ཁག་གི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཚོགས་པའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱ་དགོས་པ་དང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས་མང་ཚོགས་ཚོགས་པའི་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏང་དགོས་པ་དང་། ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་ལ་སྔར་བས་ཞབས་འདེགས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།
ཧྥུང་ཧྥ་ཀུའེ་ཡིས2024ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་ལས་འགན་ཡང་དེ་བས་ལྕི་པོ་ཡིན་པ་རེད། ཁུལ་ཡོངས་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་གཙོ་བོ་ལ་དམིགས་ནས་བཟོ་ལས་པ་དང་གཞོན་ནུ། བུད་མེད། ཤེས་ལྡན་མི་སྣ་བཅས་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་སྔར་བས་བཏོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་བའི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། གཅིག་ནས་དར་ཆ་མཐོན་པོ་བསྒྲེངས་ནས་ཆབ་སྲིད་ལ་སྣང་ཆེན་བྱ་དགོས་པ་དང་། གཉིས་ནས་རང་འགན་འཁྲི་སྒྲུབ་སྤྱི་ཡོངས་ལ་དམིགས་དགོས། གསུམ་ནས་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་ལ་དམ་འཛིན་བྱ་དགོས། བཞི་ནས་མཉམ་འཛིན་སྤྱི་སྒྲུབ་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10