ཁུལ་ཨུའི་མགོ་ཁྲིད་ཚན་ཁག་གི་གཙོ་དོན་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-12-25

སྤྱི་ཟླ12པའི་ཚེས18ཉིན། ཁུལ་ཨུའི་མགོ་ཁྲིད་ཚན་ཁག་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུ་འཚོགས་ནས་གཙོ་དོན་སློབ་གསོའི་སྐོར་གྱི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་མགོ་ཁྲིད་ཚན་ཁག་གི་བརྟག་ཞིབ་གྲུབ་འབྲས་སྤེལ་རེས་དང་གནད་དོན་ལ་དབྱེ་ཞིབ། ཐབས་ཇུས་ལ་ཞིབ་འཇུག། སླད་ཕྱིན་གྱི་བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་སོགས་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ནས་ཁུལ་ཡོངས་ཀྱི་གཙོ་དོན་སློབ་གསོ་ཟབ་ཏུ་སྤེལ་ཞིང་ཕན་འབྲས་ཐོབ་པར་ཁྲིད་སྟོན་བྱེད་པ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་།

གཙོ་དོན་སློབ་གསོ་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་བཅུ་གཅིག་པའི་ཚོ་དཔོན་ཀྲང་ཝུའེ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་བཅས་ཚོགས་འདུར་ཞུགས་པ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་འདུར་ཁུལ་ཨུའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་བོད་འབྲེལ་ས་ཁུལ་ཐུན་མོང་ཕྱུག་འགྱུར་གྱི་ལག་ལེན་ལམ་བུ་འཚོལ་ཞིབ་བྱ་དགོས་ཞེས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རི་བོ་གངས་དཀར་ཆེན་པོའི་རི་ཀླུང་མིའི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་བསྐྲུན་རྒྱུའི་ཞིབ་འཇུག་ཅེས་པའི་བརྟག་དཔྱད་ཞིབ་འཇུག་བྱ་གཞིའི་གྲུབ་འབྲས་དང་། དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སོགས་དཔེ་མཚོན་དམིགས་བསལ་ཅན་ལ་བརྟག་ཞིབ་བྱས་ཚུལ་སྐོར་ལ་དམིགས་ནས་གཏམ་བཤད་དང་། བསམ་འཆར་དང་གྲོས་འགོ་བཏོན་ཡོད།

ཚོགས་འདུར་ནན་གསུང་གནང་དོན། གནས་ཚུལ་དངོས་ཀྱི་མཐིལ་རྟོགས་པའི་ཐད་སླར་ཡང་གཏིང་ཟབ་ཏུ་གཏང་དགོས་པ་དང་གནད་འགག་འཚོལ་རྙེད་ཐུབ་པར་ཡང་བསྐྱར་དོ་སྣང་བྱ་དགོས། སྤོ་བསྒྱུར་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་ལས་ཀའི་སྤྱོད་ཚུལ་ཐད་སླར་ཡང་རིམ་པ་སྤར་དགོས།

ཁུལ་ཨུའི་རྒྱུན་ཨུ་དང་གཙོ་དོན་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་བཅུ་གཅིག་པའི་འབྲེལ་ཡོད་བློ་མཐུན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་གཙོ་དོན་སློབ་གསོ་གཞུང་དོན་ཁང་གི་འབྲེལ་ཡོད་མི་སྣ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:སྦྱོང་བརྡར་ཁྲོད་ནས་ལང་ཚོའི་གཟི་འོད་འཚེར།། སྡུག་རུས་ཁྲོད་ནས་མི་ཚེའི་རིན་ཐང་མངོན།།
  • ལེ་ཚན་རྗེས་མ།:འབྲི་ཆུའི་སྟོད་རྒྱུད་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་ཆུ་རགས་སྐྲུན་ཚད་སྨི100ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།