ཁུལ་ཡོངས་ཀྱི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འཚོགས།

འདི་གའི་གསར་འགོད་པ།        2023-12-21

   ཁུལ་ཡོངས་ཀྱི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འཚོགས།

    སྤྱི་ཟླ12པའི་ཚེས19ཉིན། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་རྫོང་དང་གྲོང་ཁྱེར་ཁག་གི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་དར་རྩེ་མདོ་རུ་འཚོགས་པ་རེད། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གངས་དབང་བཀྲ་ཤིས་ཀྱིས་གསོ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་མགོ་གཙོ། ཏང་ཨུའི་ཧྲུའུ་ཅི་ཀྲང་ཅན་གོ་ཡིས་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་བརྒྱུད་སྦྱངས་དང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་བཞི་གསུམ་གཉིས་གཅིག་གི་ལས་དོན་ངོ་སྤྲོད་པ་དང་། བློ་མཐུན་པི་ཧྲི་ཞང་གི་མཛད་རྗེས་བཤད་དེ་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་དུ་གཏོང་དགོས་པ་བཅས་ལ་དམིགས་ནས་འཆད་ཁྲིད་གནང་ཡོད་པ་རེད།

 ཁུལ་ཡོངས་ཀྱི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འཚོགས།
ཁུལ་ཡོངས་ཀྱི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འཚོགས།

      དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་བཅོ་བརྒྱད་ནས་ཡོང་བའི་བོད་ཡིག་གསར་འགོད་པ་དང་རྩོམ་པ་པོ་བཞི་བཅུ་ཙམ་གསོ་སྦྱོང་དུ་ཞུགས་ཤིང་། ཁམས་པ་བརྙན་འཕྲིན་ཁང་གི་དགེ་རྒན་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་བོད་ཡིག་སྒྱུར་གྱི་ལས་ཆོད་ནུས་ལྡན་ངང་ཆེ་རུ་གཏོང་ཐབས་ཀྱི་བསམ་ཚུལ་ཞེས་པའི་ཁ་བྱང་སྟེང་ནས་འཆད་ཁྲིད་གནང་སྟེ། ལས་གང་ལ་འཇུག་ན་དེ་ལ་དགའ་ཞེན་དགོས་ཚུལ་དང་ལོ་ཙཱ་བ་ཞིག་ཡིན་ནས་བཟུང་ཡིག་སྒྱུར་ལས་ཀར་དགའ་ཞེན་དང་། རྒྱུན་ཆད་མེད་པར་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས་དང་འགྱུར་ཡིག་ཕུལ་བྱུང་ལ་སློབ་སྦྱོང་། རྒྱུན་ལྡན་འཚོ་བའི་ནང་མ་སྐུལ་དང་བླངས་ཀྱིས་ཁྲིམས་མཐུན་ལུགས་མཐུན་གྱི་ལམ་ནས་ཡིག་སྒྱུར་ལས་ཀའི་མཚན་སྙན་ཐོབ་ཐང་དང་གོ་གནས་ཁེ་དབང་སོགས་ལ་སྲུང་སྐྱོང་བྱ་དགོས་ཚུལ་དང་། སྤྱིར་ཐུན་མོང་གི་སྤྱི་སྐད་སློབ་སྦྱོང་དང་སྒོས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྐད་སྲུང་སྐྱོང་དགོས་ཚུལ་སོགས་ནས་འཆད་ཁྲིད་ཕུན་སུམ་ཚོགས་པོར་གནང་ཡོད་པ་རེད། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་དགེ་རྒན་སྐལ་བཟང་ཐུབ་བསྟན་ལགས་ཀྱིས་ལོ་ཙཱའི་ལག་ལེན་དང་སྦྲེལ་ནས་ཞིང་ཆེན་ཡོངས་ཀྱི་ཚགས་དེབ་པར་སྐྲུན་ལས་སྒོའི་ཆེད་དོན་གསོ་སྦྱོང་གི་སྙིང་དོན་བཤད་པ་ཞེས་པའི་ཁ་བྱང་སྟེང་ནས་གསར་འགྱུར་གྱི་བླ་སྲོག་དང་ལོ་ཙཱའི་དགོས་གལ་ཆེ་ཚུལ། ཡིག་བསྒྱུར་ཐབས་ལམ་སོགས་ཀྱི་སྐོར་ལ་དམིགས་ནས་འཆད་ཁྲིད་ཕུན་སུམ་ཚོགས་པོར་གནང་ཡོད་པ་རེད།

ཁུལ་ཡོངས་ཀྱི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འཚོགས།
ཁུལ་ཡོངས་ཀྱི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འཚོགས།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲའོ་ཙི་ཨང་དང་བཅས་པར་བཞུགས་མོལ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།