ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2024-01-02

སྤྱི་ཟླ12པའི་ཚེས26ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཏང་ལེགས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་མཐར་ཕྱིན་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་།《དུས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》《རྫོང་རིམ་པ་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་མི་མགོ་ཁྲིད་ལས་བྱེད་པའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གཏན་འབེབས་འགའ་ཞིག》སོགས་ཏང་ནང་གི་ཁྲིམས་སྲོལ་སློབ་སྦྱོང་མཐར་ཕྱིན་བྱས་ནས་བསམ་བློའི་ཟིལ་ཤུགས་མྱོང་ཚོར་དང་མདུན་སྐྱོད་ཁ་ཕྱོགས་གསལ་པོ་བཟོས་ཏེ་རང་སྐྱོན་རང་འཚོལ་དང་རང་གིས་རང་ལ་གསར་བརྗེ་བྱེད་ཕོད་པ་རྒྱུན་འཁྱོངས་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་གཙོ་དོན་སློབ་གསོའི་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པར་འཚོག་པར་བསམ་བློའི་རྨང་གཞི་བརྟན་པོ་བཏིང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་སློབ་སྦྱོང་གི་མྱོང་ཚོར་བཤད་པ་རེད།

གཙོ་དོན་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་བཅུ་གཅིག་པའི་ཚོགས་དཔོན་ཀྲང་ཝུའེ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་བཅས་སློབ་སྦྱོང་ནང་ཞུགས་པ་རེད།

ཚོགས་འདུ་མ་འཚོག་གོང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མིས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམིགས་ནས་རང་སྦྱོང་དང་འབྲེལ་ལས་ཀའི་དོན་དངོས་དང་སྦྲེལ་ནས་བསམ་བློའི་མྱོང་ཚོར་བྲིས་པ་རེད། ཚོགས་འདུར་ཚང་མས་བསམ་བློའི་ངོས་འཛིན་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་རེས་གནང་བ་རེད།

ཚོགས་འདུར་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག། སྐུལ་འདེད་གནང་སྟེ། དུས་རབས་གསར་པའི་ཏང་ལེགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རང་ངོས་གསར་བརྗེ་གླེང་བ་སོགས་ཀྱི་ཆོད་གཏམ་གལ་ཆེན་གསལ་པོ་བཏོན་པ་དང་། རང་རེའི་ཏང་ལ་མཛུབ་ཁྲིད་གནང་ནས་ལོ་བརྒྱ་ལྷག་གི་ཏང་ཆེན་པོར་རང་ངོས་གསར་བརྗེ་བྱེད་པའི་བསམ་ཕྱོགས་གསར་པ་བཏོད་དེ་ཀྲུང་གོའི་སྲིད་སྐྱོང་དང་ཀྲུང་གོ་གུང་ཁྲན་ཏང་གི་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད།

ཚོགས་འདུར་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་ཏང་ལེགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“མཐའ་འཁྱོངས་བཅུ་གསུམ་པོ”ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་རྒྱུ་གཙོ་བོར་བྱས་ནས་གཞུང་ལས་མི་སྣའི་བསམ་བློ་ཆབ་སྲིད་ཁྱོན་ཡོངས་ནས་ལེགས་སུ་གཏང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཁྱིམ་ཚང་བསླབ་བྱད་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མུ་མཐུད་དེ་ཤུགས་བསྣན་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་དེ་དཀར་མཛེས་ཁུལ་གྱི་ཏང་གི་སྲིད་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ལེགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མགོ་ཁྲིད་དེ་གསོ་སྦྱོང་ཡག་མོ་བྱ་དགོས་པ་བསྟན་ཡོད།།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༡
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།