ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དར་མདོར་འཚོགས།

སྐལ་ཐུབ་ཀྱིས་བསྒྱུར།        2023-12-29

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས། 

(2023ལོའི་ཟླ་བ12ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་གྲོས་འཆམ་བྱུང་བ།)

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དར་མདོར་འཚོགས།
ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ2023ལོའི་ཟླ་བ12པའི་ཚེས27ཉིན་ལ་དར་མདོར་འཚོགས་པ་རེད།

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དར་མདོར་འཚོགས།
ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ2023ལོའི་ཟླ་བ12པའི་ཚེས27ཉིན་ལ་དར་མདོར་འཚོགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བ་རེད།

    ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ2023ལོའི་ཟླ་བ12ཚེས27ཉིན་ལ་དར་མདོར་འཚོགས་པ་རེད། 

     ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ཁུལ་ཨུའི་ཨུ་ཡོན54དང་རྗེས་སྣོན་ཁུལ་ཨུའི་ཨུ་ཡོན10ཡོད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་དང་། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཨུ་ཡོན་ཁྲོད་ཀྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་གནང་ཡོད། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཡང་ན་མ་དངུལ་གཏོང་མཁན(འགན་འཁུར་བ)ཏང་མིའི་འཐུས་མི་གདན་ཞུས་ལྟར་གྲོས་ཚོགས་ལ་ཟུར་དུ་ཞུགས་ཡོད། གཙོ་དོན་སློབ་གསོ་ཚན་འབོར་གཉིས་པའི་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་བཅུ་གཅིག་པ་ཚོགས་འདུར་ཁྲིད་སྟོན་དུ་ཞུགས།

      ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བ་རེད། 

     ཚང་འཛོམས་གྲོས་ཚོགས་སུ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་ཅིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཞིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཧྲེན་དབྱང་གིས་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚབ་མཛད་དེ་གནང་བའི་ལས་དོན་སྙན་སེང་ལ་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་། 《“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་ཏེ་མཉམ་དུ་ཕྱུག་འབྱོར་ཡོང་བའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཧྲེན་དབྱང་གིས《གཏན་འབེབས(གྲོས་བསྡུར་མ་ཟིན་)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད། 

      ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད། གནས་བབ་ཛ་དྲག་པོ་དང་། ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བ། དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་པའི་མདུན་དུ། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་དང་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག། ཁུལ་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་ཧུར་ཐག་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་ཏེ་ཁུལ་ཡོངས་ཀྱི་ཏང་མི་དང་མང་ཚོགས་རྒྱ་ཆེན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ཞིང་། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམིགས་པ་དང་། བོད་འབྲེལ་ས་ཁུལ་བརྟན་བརླིང་དང་ཁམས་བདེ་འགོད་ཡོང་བ་སྲ་བརྟན་དུ་གཏོང་ཞིང་མཐའ་འཁོར་གྱི་འཐབ་ཇུས་གནད་ས་ཇུས་བཀོད་བདག་གཉེར་གྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་བརྟན་པོར་ཁུར་བ་དང་། ཅི་འདྲ་བཤད། ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་སྤེལ་བ་འཛིན་གཞི་རུ་བྱས་ཏེ་དཔལ་འབྱོར་སླར་ཡང་བཟང་ཕྱོགས་སུ་འཕར་བ་ཤུགས་ཆེན་བསྐུལ་བ་དང་། ཀྲེ་ཅང་གི“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་སྣེ་ཁྲིད་དུ་བྱས་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བསྐུལ་ཅིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་རྒྱུན་མཐུད་དེ་བརྟན་པོ་བཟོས་པ་དང་། འཕེལ་རྒྱས་ཁྲོད་དུ་དམངས་འཚོ་འགན་སྲུང་དང་ལེགས་སུ་བཅོས་ཤིང་། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་དམ་འཛིན་ཧུར་ཐག་བྱས་པ། དམངས་གཙོ་ཁྲིམས་སྐྱོང་ལ་ཤུགས་བརྒྱབ་ཅིང་། ཤུགས་ཆེན་པོས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཟབ་ཕྱོགས་སུ་སྤེལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་བྱ་གཞག་ཁག་གོང་འཕེལ་གསར་པ་ཡོང་བ་དྲག་ཏུ་བསྐུལ་ཡོད།

      ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། མཉམ་དུ་ཕྱུག་འབྱོར་ཡོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་རེད། མཉམ་དུ་ཕྱུག་འབྱོར་ཡོང་བ་ནི་དཔལ་འབྱོར་གྱི་གནད་དོན་ཡིན་པར་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་སྤེལ་ཏན་ཏིག་བྱེད་པའི་ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་ཤོས་ནི་སྔར་བཞིན་ཞིང་སྡེར་གནས་ཡོད།   ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་པ་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་འཕེལ་རྒྱས་ཀྱི་གནས་བབ་གསར་པ་འཛུགས་ཤིང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་བའི་གདམ་ག་ལྡོག་ཏུ་མེད་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཁྱོན་ཡོངས་མཐོ་ཚད་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཡོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བར་རིགས་པའི་གཞུང་ལུགས་ཐད་སྙིང་བསྡུས་གསར་པ་དང་། ལམ་ལུགས་ཐད་ཇུས་འགོད་གསར་པ། ལག་ལེན་ཐད་འཚོལ་ཞིབ་གསར་པ་གནང་ཡོད། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་དགོས་པ་བཏོན་ནས། སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ནི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དེ་བཞག་ཡོད། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཆེད་དོན་ཞིབ་འཇུག་བྱས་ནས། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་སི་ཁྲོན་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་བའི་གཙོ་གནད་ནི་རྫོང་ཁོངས་སུ་ཡོད་པ་དང་དཀའ་གནད་ནི་ཡུལ་སྡེར་ཡོད་པའི་བརྡ་གཅོད་གལ་ཆེན་བྱས་ཏེ། “སྣེ་གཉིས་དམ་འཛིན་ཡག་པོ་དང་བར་མ་ཤར་གྲོལ་ཐུབ་པའི”ལས་ཀའི་བསམ་ཕྱོགས་བཏོན་ཅིང་། རྫོང་ཁོངས་གཙོ་བོར་བྱས་ཏེ་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་པར་འདེགས་སྐྱོར་སྲ་བརྟན་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 

      ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ད་སྔར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལོ་རྒྱུས་ཀྱི་ལས་འགན་གྲུབ་པ་དང་། དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་ལྷན་ཅིག་མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཡོད། འོན་ཀྱང་རྨང་གཞི་ཞན་པ་དང་དར་རྒྱས་ཆུང་བའི་ཁུལ་གྱི་གཞི་རྩ་གནས་ཚུལ་ལ་ད་དུང་འགྱུར་ལྡོག་ཕྱིན་མེད་པ་དང་། འཕེལ་རྒྱས་དོ་མི་སྙོམས་པ་དང་གྲ་རྒྱས་མེད་པ་ནི་གནད་དོན་མངོན་གསལ་དོད་ཤོས་ཡིན་ཞིང་། ས་ཁོངས་ཀྱི་ཧེ་བག་དང་། གྲོང་ཡུལ་ཧེ་བག། ཡོང་འབབ་ཧེ་བག་བཅས་ནི་ཞན་ཆ་ཆེ་ཤོས་ཡིན་ལ། དམངས་འཚོ་འགན་ལེན་ཐད་ད་དུང་ཞན་ཆ་མངོན་གསལ་དོད་པོ་ཡོད་པས། མཉམ་དུ་ཕྱུག་འབྱོར་ཡོང་བའི་ལས་འགན་ཆེ་ལ་ལམ་ཐག་རིང་བ་རེད། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། ཀྲེ་ཅང་གི“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ནན་ཏན་བྱེད་ཅིང་། རྫོང་ཁོངས་འཇུག་གཞི་གལ་ཆེན་དུ་བྱས་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་བ་རྒྱུན་འཁྱོངས་ཤིང་། ས་ཁོངས་ཀྱི་ཧེ་བག་དང་གྲོང་ཡུལ་གྱི་ཧེ་བག། ཡོང་འབབ་ཀྱི་ཧེ་བག་བསྟུང་བ་དམིགས་འབེན་དུ་འཛིན་ཞིང་། འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། ཁོག་ཡངས་རང་བཞིན་ཆེ་རུ་བཏང་སྟེ། ཤུགས་ཡོད་རྒུས་མཉམ་དུ་ཕྱུག་འབྱོར་ཡོང་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏང་དགོས།

      ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སྤྱི་ཡོངས་ནས་ཇུས་འགོད་དང་མཐུན་སྦྱོར་སྐུལ་འདེད་གཏོང་བ་རྒྱུན་འཁྱོང་ཞིང་། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་པ་སྟངས་འཛིན་ནན་པོ་བྱེད་ཅིང་། གྲོང་ཡུལ་བསམ་ཇུས་གཅིག་གི་འདུ་ཤེས་འཆང་བ་དང་། སྤྱི་འདོམས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་པར་སྣང་ཆེན་བྱེད་ཅིང་།“ཐོན་ལས་དར་རྒྱས་དང་གཙོ་རྐྱེན་འཁྲུག་པོ། ཞབས་ཞུ་ལེགས་པོ། བཅོས་སྐྱོང་ཤུགས་ཡོད”ཡོང་བར་དམིགས་ཏེ་རྫོང་ཁོངས་གཞི་རྩའི་ཚན་པར་བྱས་ནས་གྲོང་ཡུལ་འཆར་འགོད་བཀོད་སྒྲིག་དང་། གཙོ་རྐྱེན་བཀོད་སྦྱོར། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོང་སོགས་ཕན་ཚུན་མཉམ་འདྲེས་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་སྒྲིག་གཞི་ནང་སྲོལ་འཛུགས་པ། ཡུལ་བབ་དང་བསྟུན་ཅིང་གོམ་པ་རིམ་བགྲོད་རྒྱུན་འཁྱོངས་ཏེ། རྫོང་དང་ཡུལ་སྡེ་འཕེལ་རྒྱས་ཀྱི་དུས་རིམ། ཐོན་ཁུངས་ཀྱི་སྤུས་ཚད། ས་ཁོངས་ཀྱི་ཁྱད་ཆོས་བཅས་མི་འདྲ་བར་བསམ་གཞིག་གང་ལེགས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་ཡོད་ཆོས་ཉིད་ལ་བརྩི་སྲུང་དང་། ལོ་རྒྱུས་ཀྱི་ངང་རྒྱུད་འཁྱོངས་ཤིང་། སྲིད་ཇུས་ཧེ་བག་ཡོད་པ་བཟོས་ཏེ་ཤུགས་ཆད་མེད་རྒྱག་ཅིང་སྙིང་རུས་གཏན་འཁྱོང་བྱ་དགོས།  མི་གཙོ་བོར་འཛིན་པ་དང་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོང་ཞིང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཆང་བ་དང་། མང་ཚོགས་ཀྱི་འདོད་བློ་ལ་བརྩི་བཀུར་གང་ལེགས་དང་། ཞིང་པའི་བྱེད་པོའི་ནུས་པ་དང་གསར་གཏོད་ཐོག་མའི་སྙིང་སྟོབས་འདོན་སྤེལ། དམངས་འཚོའི་དགོས་མཁོ་གལ་ཆེན་ལ་དམིགས་ནས་ཞན་ཆ་དང་མི་འདང་ས་གསབ་ཅིང་རྨང་གཞི་བརྟན་པོར་བཟོ་ཞིང་། གྲོང་ཡུལ་གཙོ་རྐྱེན་སྒྲིག་སྦྱོར་ཕན་འབྲས་ཆེ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན། རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན། བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་སྐུལ་འདེད་མགྱོགས་སུ་བཏང་སྟེ། གྲོང་ཡུལ་གཞིས་མི་ཡོངས་རྫོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱ་དགོས། མཐིལ་ཚད་སྲུང་བ་དང་ཉེན་ཁ་འགོག་ཟོན་རྒྱུན་འཁྱོང་ཞིང་། བསྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ལས་ཀའི་དུས་རིམ་དང་གོ་རིམ་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱེད་ཅིང་། “བར་མཐོངས་གསུམ་དང་ཐིག་མཚམས་གསུམ”གཅུན་འདོམས་ནན་པོ་བྱེད་པ་དང་། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་རྨོ་ཞིང་གི་དམར་རྒྱ་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པའི་མཐིལ་ཚད་སྲུང་ཐུབ་ཅིང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་རྒྱ་དང་ཡུལ་སྡེའི་རིག་གནས་ཀྱི་རྩ་བ་སྲུང་ཐུབ་པ། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཉེན་ཁ་སྣ་ཚོགས་ལ་མཐོང་ཆེན་དང་འགོག་ཟོན་ཐག་གཅོད་གོ་ཆོད་པོ་བྱ་དགོས། འཚོལ་ཞིབ་ཧུར་ཐག་དང་གཙོ་གནད་འགག་སྒྲོལ་རྒྱུན་འཁྱོང་ཞིང་། བསྒྱུར་བཅོས་ཀྱི་གནད་བརྟོལ་དང་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། བསྒྱུར་བཅོས་ཀྱི་རྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་ལས་རང་བཞིན་ཆེ་རུ་གཏོང་ཞིང་། ཐེམ་ཐོ་དང་། ས་ཞིང་། མ་རྩ། སྤྱི་པའི་ཞབས་ཞུ་སོགས་སྒྲིག་སྲོལ་དང་ནང་སྲོལ་གྱི་སྐྱོན་ཆ་སེལ་བའི་ཐད་མ་སྐུལ་དང་ལེན་ངང་འཇོན་ནུས་འདོན་ཞིང་ཉམས་མྱོང་ཕྱོགས་བསྡོམས། གྲུབ་འབྲས་ཐོབ་པ་བྱས་ཏེ། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཁྱོན་ཡོངས་ནས་ཡོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བར་ལམ་ལུགས་མཁོ་སྤྲོད་བྱ་དགོས། 

      ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། 2027ལོར་བསླེབ་སྐབས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་པ་དང་།  གྲོང་ཡུལ་བར་མཐོངས་བཀོད་བབ་སྔར་བས་ལེགས་སུ་འགྲོ་བ། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། གནས་འཕྲོད་ལས་འཚམ་དང་ཡུལ་སྡེ་ཞི་མཛེས་འཛུགས་སྐྲུན་ལ་གྲུབ་འབྲས་མཚོན་རྟགས་ཡོད་པ་འཐོབ་དགོས། གྲོང་ཡུལ་དཔལ་འབྱོར་འཁོར་རྒྱུག་སྔར་བས་བདེ་བ་དང་། གཙོ་རྐྱེན་འཁོར་རྒྱུག་གི་སྒྲིག་སྲོལ་དང་ནང་སྲོལ་གྱི་འགོག་རྐྱེན་སྔར་བས་བསལ་བ། གྲོང་ཡུལ་གྱི་སྤྱི་པའི་ཞབས་ཞུ་སྔར་བས་སྤུས་ལེགས་པ་དང་། རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་དགོས། གྲོང་ཡུལ་གཞིས་མིའི་ཡོང་འབབ་དེ་བས་དོ་སྙོམས་ཡོང་བ་དང་། གྲོང་ཡུལ་འཕེལ་རྒྱས་ཀྱི་ཧེ་བག་དང་གཞིས་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་རིམ་བཞིན་བསྟུང་དགོས། 2035ལོར་བསླེབ་སྐབས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་སྲོལ་སྔར་བས་འཐུས་ཚང་དུ་འགྲོ་བ་དང་། གྲོང་ཡུལ་ས་ཁོངས་འཕེལ་རྒྱས་དེ་བས་མཐུན་སྦྱོར་དང་དོ་སྙོམས་ཡོང་བ། གྲོང་ཡུལ་གཞིས་མིའི་འཚོ་བའི་སྤུས་ཚད་ཆེན་པོ་འཕར་བ། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་འབྱོར་ཡོང་བར་གོང་འཕེལ་དེ་བས་དངོས་སུ་འབྱུང་བ་དང་། སོ་སོའི་མཛེས་སྡུག་དང་མཛེས་ཆེན་མཉམ་མངོན་གྱི་གྲོང་ཡུལ་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་རྩ་བའི་ཆ་ནས་ཆགས་པའོ།།

      ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། རྫོང་གྲོང་གཞི་སྟེགས་གལ་ཆེན་དུ་བྱས་པའི་གྲོང་རྡལ་ཅན་གསར་པ་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྫོང་གྲོང་གི་འཕེལ་རྒྱས་བར་མཐོངས་མུ་མཐུད་དེ་ལེགས་སུ་གཏོང་ཞིང་། རྫོང་གྲོང་སྐབས་བསྟུན་གསར་བརྗེ་ཇེ་མགྱོགས་སུ་གཏོང་བ། རྫོང་གྲོང་གི་ཐོན་ལས་འཕེལ་རྒྱས་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཞིང་། རྫོང་གྲོང་གི་བྱེད་ནུས་སྤུས་ཚད་མུ་མཐུད་དེ་སྤར་བ། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཀྱི་རྫོང་གྲོང་གི་འགག་རྩའི་འདེགས་སྐྱོར་ནུས་པ་གང་ལེགས་འདོན་པ་དང་། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་དང་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ཡུལ་སྡེའི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་ཆེ་རུ་གཏང་དགོས། གནས་འཕྲོད་ལས་འཚམ་དང་ཡུལ་སྡེ་ཞི་མཛེས་མགྱོགས་པོ་འཛུགས་པ་དང་། ཀྲེ་ཅང་གི“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་ཡག་པོ་སྦྱངས་ནས་སྤྱད་དེ་ཞིང་ལས་དང་ཞིང་སྡེ་བསྒྱུར་བཅོས་མུ་མཐུད་དེ་ཧུར་ཐག་གཏོང་བ་དང་། ཡུལ་སྡེའི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་དང་། ཡུལ་སྡེ་འཛུགས་སྐྲུན་བྱ་སྤྱོད་ཧུར་ཐག་སྐུལ་ཅིང་། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་བསྐུལ་ཏེ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་མགྱོགས་པོ་བསྐུལ་དགོས། མ་སྐུལ་དང་ལེན་ངང་གྲོང་ཡུལ་གྱི་ཐོན་ཁུངས་གྲུབ་རྐྱེན་དོ་སྙོམས་དང་ཕན་འབྲས་ཡོད་པ་བཀོད་སྦྱོར་དང་། དོ་དམ་དང་ཞབས་ཞུ་དངོས་སུ་བྱ་ཡུལ་གྱི་མི་འབོར་གཞི་ཁྱོན་ལྟར་སྤྱི་པའི་ཐོན་ཁུངས་བཀོད་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། གྲོང་ཡུལ་གྱི་གཙོ་རྐྱེན་རྫོང་ཁོངས་ནས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གཞི་རྩའི་སྤྱི་པའི་ཞབས་ཞུ་གྲོང་ཡུལ་ཆ་སྙོམས་ཅན་ཡོང་བ་དང་།  གྲོང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་ལ་བསྐུལ་ཏེ། གྲོང་ཡུལ་གྱི་སྤྱི་པའི་ཞབས་ཞུའི་སྟབས་བདེ་ཡོང་ཚད་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་ཁྲིམས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་མཐའ་གཅིག་ཏུ་བཅང་བ་དང་། གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་མ་ལག་ལེགས་སུ་གཏོང་ཞིང་། གྲོང་ཡུལ་བདེ་འཇགས་འཕེལ་རྒྱས་ཀྱི་མཐིལ་ཚད་བརྟན་དུ་སྲུང་བ། རྫོང་དང་ཡུལ་ཤོག། གྲོང་སྡེ་མཉམ་སྐུལ་དང་། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་གནས་བབ་ཅིག་གང་མགྱོགས་ཆགས་པར་བྱ་དགོས།

      ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ངེས་པར་དུ་སྟོབས་ཤུགས་སྤྱི་འདོམས་དང་། ཐོན་ཁུངས་བསྡུ་སྒྲིལ། གོང་འོག་མཉམ་འགུལ། ཁྱོན་ཡོངས་སྐུལ་འདེད་བཅས་བྱས་ཏེ། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཁྱོན་ཡོངས་ཡོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བར་འགན་སྲུང་སྲ་ཞིང་བརྟན་པའི་བྱ་དགོས།  རྩ་འཛུགས་འགོ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་བ་དང་། བསྒྱུར་བཅོས་སྒོ་འབྱེད་རྒྱུན་མཐུད་དེ་ཟབ་སྤེལ། ཚོད་ལྟ་དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས། ཕྱོགས་ཁག་གི་སྟོབས་ཤུགས་ཞུགས་པར་སྐུལ་སློང་། དམིགས་འབེན་ལས་འགན་དང་ལས་ཀའི་བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོས་ནས“ལས་འགན་ཡི་གེ”དེ“ལག་ལེན་འཆར་རིས”སུ་བསྒྱུར་དགོས།

       ཚང་འཛོམས་གྲོས་ཚོགས་སུ་ནན་པོར་བསྟན་དོན། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བསྟར་ཞིང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་རྒྱུ་ནི་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཁུལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུ(ཏང་ཚན་ཁག)ཡིས་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་།  དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱེད་ཅིང་། སློབ་གསོ་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། ཏང་མི་ལས་བྱེད་པ་རྒྱ་ཆེན་ལ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཁྱོན་ཡོངས་ནས་ཡོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་འདེད་ནན་ཏིག་གཏོང་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་ལས་འགན། གཙོ་གནད་ལས་དོན་བཅས་ལ་གོ་བ་ཡང་དག་ལོན་ཞིང་ཁོང་དུ་ཆུད་པ་སྣེ་ཁྲིད་བྱས་ཏེ། ལག་ལེན་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་ཞིང་། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་བཀོད་སྒྲིག་བླང་བྱ་དོན་ཐོག་རེ་རེ་བཞིན་འཁྱོལ་བ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་འདི་དམ་འཛིན་ནན་འཛིན་དང་ཕན་འབྲས་ཐོན་པ་བྱས་ཏེ། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་སྲ་ཞིང་བརྟན་པ་མཁོ་འདོན་བྱ་དགོས།

       ཚང་འཛོམས་གྲོས་ཚོགས་སུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་བློ་མཐུན་ལེའོ་ཞུའེ་ཏུང་དཀར་མཛེས་ཁུལ་ནས་ལས་གནས་སྤོས་པས་ཁུལ་ཨུའི་ཨུ་ཡོན་གྱི་གོ་གནས་དགོངས་པ་ཞུ་བར་ཆོག་མཆན་སྤྲད་པ་རེད། 

      ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རྒྱ་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཤིང་།“བློ་སེམས་དཀར་བ་དང་། འགན་འཁྲི་འཁུར་ཕོད་པ། ལས་བཀུར་ལས་བརྩོན།  བློས་གཏོང་ཕོད་པ། མཐུན་སྒྲིལ”བཅས་ཀྱི་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ངེས་ཤུགས་བརྟན་འཁྱོངས་དང་། དོན་གཉེར་དངོས་སྒྲུབ། འགན་ཁུར་ཧུར་སྐྱོད་བྱས་ཏེ། དཀར་མཛེས་ཁུལ་གྱི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བར་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་པར་བྱས་རྗེས་གསར་པ་དེ་བས་ཆེན་པོ་གཞག་དགོས་པའི་འབོད་སྐུལ་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཤེས་རིག་གི་འོ་མཚོའི་ཀློང་ན་བློ་རིག་གི་ཉ་མོ་འཁྱུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།