ཧྲན་པོ་ཧན་གྱིས་པར་བླངས། 2023-12-29
སྙིང་རྗེ་བའི་བུ་མོ་ཆུང་ཆུང་ཞིག་གིས“བྲོ་ར་ཁྲ་མོ་སྐོར་བྲོ་ཚོགས་པ”དང་མཉམ་དུ་སྐོར་བྲོ་འཁྲབ་བཞིན་པ།
1995ལོར་སྐྱེས་པའི་བོད་རིགས་བུ་མོ་དབྱངས་ཅན་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་ནས་ཡིན། 2014ལོར་མོ་རང་ཕ་ཡུལ་དང་བྲལ་ནས་ཁྲེང་ཏུའུ་རུ་སློབ་སྦྱོང་དུ་སོང་། རྗེས་སུ་ཁྲེང་ཏུའུ་རུ་བྱིས་སློབ་ཁང་གི་དགེ་རྒན་ཞིག་གྱུར། མོས་བོད་ཀྱི་སྲོལ་རྒྱུན་སྐོར་བྲོ་འཁྲབ་རྒྱུར་དགའ་བར་མ་ཟད། ད་དུང་རང་ཉིད་ཀྱི་བྲོ་འཁྲབ་པའི་བརྙན་ཐུང་དྲྭ་ཐོག་སོགས་ལ་བསྐུར་ནས་ཚང་མའི་མིག་གི་དགའ་སྟོན་དུ་ཕུལ།
2021ལོར། དབྱངས་ཅན་དང་ཕ་ཡུལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ནས་ཡིན་པའི་བློ་བཟང་རིག་འཛིན་དང་། ཕ་ཡུལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་ཡིན་པའི་བཀྲ་ཤིས་ཚེ་རིང་གསུམ་གྱིས་མཉམ་དུ་བྲོ་ར་ཁྲ་མོའི་སྐོར་བྲོ་ཚོགས་པ་བཙུགས་པ་རེད།
དྲྭ་ཐོག་བརྒྱུད་སྐུར་དང་སྐད་གྲགས་ཇེ་ཆེ་འགྲོ་བ་དང་བསྟུན་ནས། ཁོ་ཚོའི་སྐོར་བྲོ་ཚོགས་པའི་བྱེད་སྒོ་ལ་ཚང་མའི་དགའ་བསུ་ཆེན་པོ་ཐོབ་ཡོད། བྲོ་ར་ནང་བྲོ་འཁྲབ་མཁན་མང་དུས་མི་སྟོང་ཁ་ཤས་ཡོད་པ་རེད། ཚང་མར་སྐོར་བྲོ་དང་རོལ་དབྱངས་ལས་བྱུང་བའི་དགའ་སྤྲོ་བཤད་མི་ཤེས་པ་ཞིག་སྐྱེས། ཞེན་འབྲང་པ་མི་ཉུང་བ་ཞིག་པེ་ཅིང་དང་ཧྲང་ཧའེ་སོགས། ཐ་ན་ཐག་རིང་ཕྱི་རྒྱལ་ནས་ཁོ་ཚོའི་འཁྲབ་སྟོན་ལ་ལྟད་མོ་ལྟ་སར་ཡོང་བ་རེད།
དབྱངས་ཅན་གྱིས་སྐོར་བྲོ་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་པས། ང་ཚོས་ཚང་མར་དེའི་ཁྲོད་ནས་བོད་རིགས་སྤུན་ཟླའི་སྤྲོ་སེམས་དང་བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་མྱོང་ཚོར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་དུང་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྱད་ཆོས་མངོན་པའི་སྐོར་བྲོ་རང་ཉིད་ཀྱི་བྱིས་པའི་སློབ་གསོའི་ལས་དོན་དུ་འདྲེས་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།།
དབྱངས་ཅན་གྱིས་སྐོར་བྲོ་འཁྲབ་ཁྲིད་བྱེད་བཞིན་པ།
བྲོ་ར་ཁྲ་མོ་སྐོར་བྲོ་ཚོགས་པའི་ཚོགས་མི་ཚོས་སྐོར་བྲོ་འཁྲབ་བཞིན་པ།
མཚོ་སྔོན་ཡུལ་ཤུལ་ཁུལ་ནས་ཡོང་བའི་སྐོར་བྲོ་མཐུན་ཚོགས་ཀྱི་ཁོངས་མི་སྐོར་བྲོ་འཁྲབ་སར་ཞུགས་པ།
དབྱངས་ཅན་གྱིས་སློབ་མ་ཚོར་ཟས་ཀྱི་རིག་གནས་སློབ་ཁྲིད་བྱེད་བཞིན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10