རང་ཁུལ་གྱིས་སློབ་གསོའི་སྤུས་ཚད་དོ་སྙོམས་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ།

བདེ་སྐྱིད་ཀྱིས་བྲིས།        2024-01-08

ཉེ་ཆར།གསར་འགོད་པས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ནས་བཟུང་། ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་དམིགས་འབེནཡག་པོ་གཉེར་རྒྱུར་དམིགས་པ་དང་། ཅི་འདྲ་བཤད།ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་གཙོ་བོར་བྱས་ནས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་ཧུར་ཐག་བསྐྲུན་པ་རེད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་དམིགས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་སློབ་གཙོའི་འགན་འཁྲི་ལམ་ལུགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དུས་མཚུངས་སུ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཏེ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཏན་ཏིག་ངང་སྤེལ་ནས་སློབ་ཆེན་དང་སློབ་འབྲིང་། སློབ་ཆུང་། བུ་བཅོལ་ཁང་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།དཔུང་ཁག་འཛུགས་སྐྱོང་ལ་དམིགས་ཏེ་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་དགེ་རྒན་གྱི་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་བ་རེད།སློབ་གསོ་དྲང་གཞག་ལ་དམིགས་ནས་སྤུས་ཚད་མཐོར་གཏོང་གི་ཕུལ་བྱུང་ལས་གྲྭ་ལག་ལེན་བསྟར་བ། གནད་དོན་གྱི་ཁྲིད་ཕྱོགས་ལ་དམིགས་ནས་ཐོན་ཁུངས་གསབ་པའི་ལས་གྲྭ་ལག་བསྟར་གཏོང་བ་དང་། མི་དམངས་ཀྱི་བློ་ལ་བབ་པ་དང་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་བ་རེད།། 

  • ལེ་ཚན་སྔོན་མ།:མི་རིགས་མཐུན་སྒྲིལ་ལེའུ་མཐོ་སྒང་ཡུལ་དུ་བརྩམས།། བརྩེ་སེམས་འོད་མདངས་དཀར་པོས་གངས་ཅན་བུ་རྒྱུད་བསྐྱངས།།
  • ལེ་ཚན་རྗེས་མ།:འདབ་པའི་ཉི་སྟེན་གྱིས་འཛམ་གླིང་གི་རིག་གནས་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་ས་རྟགས་གསར་པ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས།
  • དོ་སྣང་ཆེ་བའི་རྩོམ།