ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༣

སྐལ་ཐུབ་ཀྱིས་བསྒྱུར།        2024-01-05

 ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༣

   ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་དུ་འགྱུར་བ་ནི་ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་རེད།  ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཀྲུང་གོའི་དོན་དངོས་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་ཟུང་དུ་སྦྲེལ་ཏེ། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ས་གཞི་ཡངས་ཤིང་རྒྱ་ཆེ་བ་འདིར་འགྲོ་བ་མིའི་འཕེལ་རྒྱས་ལོ་རྒྱུས་ཐོག་རི་མོ་མཛེས་ཆེན་བརྗིད་ཉམས་ཆེ་བ་བྲིས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་ལོ་རྒྱུས་སྙན་ངག་ཆེས་རྒྱ་ཆེ་བ་བརྩམས་པ་རེད། 


    2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད། 



  • ལེ་ཚན་སྔོན་མ།:དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།