དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2024-01-04

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་བཅས་ཀྱི་ལས་དོན་དེ་ཏང་གི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ། མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད་པ་བཅས་ཡིན་པས། འདི་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་ཞེས་བསྟན་གནང་ཡོད།

འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ན། དྲིལ་བསྒྲགས་དང་བསམ་བློ་རིག་གནས་བཅས་ཀྱི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དར་ཆ་མཐོན་པོར་བསྒྲེངས་ནས། རང་རྟོགས་ངང་རིག་གནས་ཀྱི་ལས་འགན་གསར་པ་འཁུར་བ་དང་། རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བར་དམིགས་ཏེ། བསམ་བློའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། དྲང་སྲུང་གསར་གཏོད་ཟམ་མི་ཆད་པར་བྱས་པ། བློ་སྤོབས་བརྟན་དུ་གཏོང་བའི་དབྱངས་རྟ་གཙོ་བོ་དར་སྤེལ་ཤུགས་ཆེན་བཏང་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་ཡག་པོ་བཅས་མཁོ་འདོན་བྱས་ཡོད།

པེ་ཅིང་གི་དཀྱིལ་ཐིག་བརྒྱུད་བྱང་དུ་བསྐྱོད་ཚེ། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་འགྱིང་ངེར་གནས་ཡོད་ཅིང་། ཡན་ཧྲན་རི་བོའི་འདབས་སུ། ཀྲུང་གོའི་རྒྱལ་ཁབ་པར་གཞི་ ཁང་ལྟེ་བའི་སྤྱི་ཁྱབ་འགྲེམས་ཁང་བཀོད་མཛེས་ཡིད་འོང་ངང་ཆགས་ཡོད། 2023ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་རིག་གནས་ཁང་དེ་གཉིས་ལ་རྟོག་ཞིབ་གནང་བ་དང་། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད།  ཞི་ཅིན་ཕིང་གིས། འགོ་འཛུགས་ས་གསར་པའི་ཐོག་རིག་གནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་དང་། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་བྱ་རྒྱུ་ནི་ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་ཞིག་རེད་ཅེས་གསུངས་ཡོད།

དེ་ནས་ཟླ་བ་བཞི་སོང་རྗེས། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་བཅས་ཀྱི་ལས་དོན་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དངོས་སུ་བཏོན་ནས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དྲིལ་བསྒྲགས་དང་བསམ་བློ་རིག་གནས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། 

ལོ་གཅིག་གི་རིང་། ཀྲུང་དབྱང་དང་ས་གནས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པར་སྐྱོད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་བཏང་བ་དང་། མཉམ་འདྲེས་དང་བརྒྱུད་བསྒྲགས་བྱ་ཐབས་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཡར་བརྩོན་དགེ་སྒྲུབ་ཀྱི་བསམ་པའི་སྟོབས་ཤུགས་ཟམ་མི་ཆད་པར་གཅིག་སྡུད་བྱས་ཡོད། 

2023ལོའི་ཟླ་10པའི་ཟླ་མཇུག་ཏུ་རྒྱལ་ཡོངས་ཀྱི་རྒྱང་སྐྱོད་བརྗོད་དོན་གཙོ་བོར་བྱས་པའི་ས་ཁོངས་ཧྲིལ་པོར་ཉམས་ལེན་བྱེད་ཆོག་པའི་གྲངས་འཛིན་ཉམས་ལེན་ཁང་གི་“དར་དཔྱང་དམར་པོའི”རྣམ་གྲངས་ཐོག་མ་དེ་ཀུའེ་ཀྲོའུ་ཧྲོང་ལུང་མཁའ་འགྲུལ་གྲུ་ཁའི་དཔལ་འབྱོར་ཁུལ་དུ་ཚོད་ལྟ་ལས་གཉེར་བྱེད་འགོ་ཚུགས་ཡོད།

ལོ་གཅིག་རིང་། ལས་སྒོ་གསར་པ་དང་རྣམ་པ་གསར་པས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། སྤྱི་པའི་རིག་གནས་བར་ཁམས་གསར་པས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད། གྲོང་ཚོའི་རིམ་འདས་འགྲན་བསྡུར་དང་གྲོང་ཚོའི་རིག་རྩལ་དགོང་ཚོགས་སོགས་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་གསོན་ཤུགས་རབ་ཏུ་རྒྱས་ཡོད། འདི་ལོའི་སྤྱི་ལོའི་ལོ་གསར་གྱི་ངལ་གསོའི་རིང་། སྡེ་ཁུལ་གྱི་དགོང་ཚོགས་ཤིག་ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་ཤིན་ལུའོ་ཆུས་ཙི་ཅིན་ཧྲན་སྡེ་ཁུལ་དུ་དུས་ལྟར་གཉེར་ཡོད། ཙེ་ཅིན་ཧྲན་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ཁྲེན་ཝུའེ་ཡིས། དགོང་ཚོགས་འདིར་ང་ཚོའི་སྡེ་ཁུལ་གྱི་རིག་གནས་ལ་དགའ་པོ་བྱེད་མཁན་མང་པོ་འདུས་ཡོད། ཚང་མས་རང་རྩོམ་རང་འཁྲབ་བྱས་ཤིང་། དགོང་ཚོགས་གཉེར་བ་བརྒྱུད་སྡེ་ཁུལ་གྱི་ཁྱིམ་མཚེས་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན་ཡོད་ལ། ཁོང་ཚོའི་བསམ་པའི་རིག་གནས་ཀྱི་འཚོ་བའང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་གསུངས་འདུག 

2023ལོར། རང་རྒྱལ་གྱིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་ལས་གཞི་དང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་སོགས་ཀྱི་རྣམ་གྲངས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་རྒྱུན་རིང་ཞིང་དར་རྒྱས་ཆེ་བའི་ཀྲུང་ཧྭའི་ཤེས་དཔལ་ལ་བསྔགས་བརྗོད་གནང་ཡོད་དེ།  ཀྲུང་ཧྭ་ཡི་ལོ་རྒྱུས་ནི་ཅི་འདྲའི་ཡུན་རིང་བ་དང་། ཤེས་དཔལ་ནི་ཇི་འདྲའི་འབྱམས་ཀླས་པ་ཞིག་ཡིན། འདི་ནི་ང་ཚོའི་བློ་སྤོབས་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞེས་གསུངས་ཡོད།

ཧོ་ནན་ཨན་དབྱང་དུ། མི་རྣམས་ཀྱིས་གྲངས་འཛིན་ཅན་གྱི་ལག་རྩལ་སྤྱད་དེ་གནའ་བོའི་རུས་བརྐོས་ཡི་གེར་གསོན་ཤུགས་རྒྱས་པར་བྱས་ཡོད། ཧོ་ནན་ཨན་དབྱང་དགེ་འོས་སློབ་གྲྭའི་རུས་བརྐོས་ཡི་གེ་དང་དབྱིན་ཞུས་ཚན་རྩལ་གནའ་རྫས་རྟོག་ཞིབ་ཁང་གི་ཀྲུའུ་རེན་ཧན་ཧྲེང་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “ངོ་མཚར་ཆེ་བའི་རུས་བརྐོས་ཡི་གེ”ཞེས་པའི་བྱ་རིམ་ཆུང་ཆུང་དེ་སྤྱད་ནས། ཀྲུང་གོའི་ཡི་གེའི་འཕོ་འགྱུར་ཤེས་རྟོགས་ཐུབ་ལ། ཆེད་ལས་ཀྱི་རིག་གནས་པས་ཀྱང་རུས་བརྐོས་ཡི་གེར་དཔྱད་འགྲེལ་དང་ཞིབ་འཇུག་བྱེད་ཆོག་གི་ཡོད་པ་རེད། 

2023ལོའི་ཟླ་3པར། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ཐོག་མར་བཏོན་གནང་ཡོད། ལོ་འདིའི་ནང་། ཚོགས་ར་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་ལེགས་པར་སྤེལ་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་དབང་འཕྲོག་ཡོད། 

《ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་ལུང་ཚིག(འདོན་ཐེངས་གཉིས་པ)》ཡི་སྐད་རིགས་མང་བའི་པར་གཞི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་80ལྷག་ཙམ་དུ་བསྟན་ཡོད་པ་དང་། དངོས་མཚོན་པར་གཞི《དར་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ》ཞེས་པར་ལན་ཆ་ཆེན་པོ་བྱུང་ཞིང་། གོ་ལ་ཧྲིལ་པོར་ལྟ་མཁན་དུང་ཕྱུར་60ཙམ་ཟིན་ཡོད། དྲིལ་བསྒྲགས་དང་བསམ་བློ་རིག་གནས་བཅས་ཀྱི་འཐབ་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་རིག་གནས་གཡུལ་ས་དང་། རིག་གནས་ཀྱི་རྣམ་པ་དང་རིག་གནས་ཀྱི་གཞི་རྟེན་མང་པོ་བེད་སྤྱོད་ཡག་པོ་བཏང་སྟེ། ཀྲུང་ཧྭའི་ཤེས་དཔལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ལེང་སུང་གིས། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟོན་པ་དང་སྣེ་ཁྲིད་གནང་བས་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་ཧྲིལ་པོའི་ལས་ཀའི་གནས་བབ་གལ་ཆེན་ཐོག་བཞག་ནས། རྩ་བའི་རང་བཞིན་དང་ཕུགས་ཀྱི་རང་བཞིན་ལྡན་པའི་ཚན་རིག་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ། དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་བཅས་ཀྱི་ལས་དོན་ལ་རྣམ་པ་གསར་པ་དང་། གནས་སྟངས་གསར་པ། བསམ་ཕྱོགས་གསར་པ་བཅས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་ཡོད་པ་རེད། 

འགོ་འཛུགས་ས་གསར་པའི་ཐོག དྲིལ་བསྒྲགས་བསམ་བློ་རིག་གནས་བཅས་ཀྱི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་བྱས་རྗེས་གསར་པ་གཏོད་རྒྱུའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཡོད་པས། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་ཆེ་བའི་ལེའུ་ཟམ་མི་ཆད་པར་རྩོམ་ངེས་ཡིན་པ་རེད།


  • ལེ་ཚན་སྔོན་མ།:མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།