ཚོར་བའི་བདེན་པ།

བཞག་ཚ།        2024-01-03

སྣ་ཚོགས་སྣང་བ་བཏེགས་པའི་མེ་ལོང་ངོར།།

ཉི་མའི་འོད་མདངས་སྨུག་པོ་གྲོང་ན་འཚེར།།

འཛུམ་ཆུང་རླུང་གིས་ཁུར་བའི་དག་ཞིང་ན།།

དབྱངས་ཅན་ངག་གི་ཟླ་བ་མཁའ་ལ་འཚེར།།

ཉི་ཟླའི་དབང་གི་འཁོར་ལོ་སེམས་ལ་ཐོགས།།

འཇིག་རྟེན་ཕ་རོལ་གཏམ་གྱི་ཀློང་ཡངས་ན།།

བདག་ནི་འཁོར་བའི་མགྲོན་དུ་དུ་མ་བསླེབས།།

སྒྱུ་མའི་གར་སྟབས་རྩེ་བའི་ཞིང་ཁམས་ན།།

རབ་ལེགས་སྟོང་གི་པད་མ་གདན་ལ་བཞད།།

ཡིད་འོང་དབྱངས་ཀྱི་ཆོ་འཕྲུལ་ཞེ་ལ་འབབ།།

ལེགས་པར་པད་མའི་ཚལ་གྱི་དག་འཇམ་ན།།

སྨྲེང་གླུ་གཙང་པོ་བཞུར་བའི་གཞས་ཆུང་དེ།།

འཇིག་རྟེན་འཁོར་བའི་གྲོང་ན་གྱེར་པ་དང་།།

སྐྱོ་སེམས་སྙན་ངག་འབྲི་ཡང་རྫོགས་མེད་དེ།།

དོན་གྱི་འདྲ་བའི་གནས་སུ་ཡང་ཡང་འདྲེན།།

རྟེན་འབྱུང་མེ་ཏོག་ཡིད་ཀྱི་གཞུང་ན་བགད།།

འཚོ་བའི་རྒྱང་མིག་རྨི་ལམ་གྲོང་དུ་བཞུགས།།

སེམས་འདུན་སྒྱུ་འཕྲུལ་ཆོ་ག་དེ་ན་བཞེངས།།

རིག་བྱེད་ངག་གི་འཕགས་མ་དེ་ན་བཞུགས།།

ངོ་མཚར་དབྱངས་ཀྱི་འཁོར་བ་སྤྱན་དུ་སིམ།།

ཟབ་རྒྱས་སྙན་དབྱངས་ལྷོད་དུ་བརྡོལ་བ་ན།།

ལྷག་བསམ་ཟླ་བའི་ཞལ་རས་དཀར་པོ་ཅན།།

འཁོར་རྟེན་འཁོར་བའི་ལུགས་ཀྱི་གླིང་ག་རུ།།

རྟག་མེད་བདེན་པའི་ངོ་བོ་མཐོང་བའི་ཤུལ།།

དད་གུས་མཚོ་མོ་ཅུང་ཙམ་འགུལ་འགུལ་བྱ།།

སྣང་སེམས་མཁའ་ལ་རྒྱུ་བའི་བས་མཐའ་རུ།།

ཟླ་གཞོན་རླུང་གིས་ཁུར་ཏེ་སྤྲིན་རུམ་འཛུལ།།

ཟླ་གཞོན་གཞན་དུ་ཕེབས་པའི་རྗེས་ཤུལ་ན།།

ཡིད་འོང་བདོག་པའི་སྐར་མའི་ཞལ་གྱི་ཚུལ།།

འཛུམ་ཆུང་ཅུང་ཙམ་མཛེས་པ་རྨི་ལམ་འདྲ།།



  • ལེ་ཚན་སྔོན་མ།:ཙན་དན་སྡོང་པོ།
  • ལེ་ཚན་རྗེས་མ།:བསམ་མནོ་ནང་དུ་ཕྱོགས་ན།