ལྷད་མེད་ཐོན་རྫས་ཁུལ་ཤུགས་ཡོད་རྒུས་བསྐྲུན་ནས་དམངས་ཕྱུག་ལམ་བུ་བཏོད།

ལྷ་འཛོམས་ཀྱིས་བསྒྱུར།        2024-01-04

ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར“ཅན་བཞིའི་མཉམ་སྤེལ”ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད“རིགས་གཉིས”ཀྱི་བདེན་དཔང་ར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་རིམ་པའི་ལྷད་མེད་ཐོན་རྫས་བདེན་དཔང་ར་སྤྲོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་བསྐུལ་ནས་ལྷད་མེད་ཐོན་རྫས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་བཏོན་ཡོད། ལོ་གཉིས་རིང་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག། ཁུལ་ཡོངས་ཀྱི་བསམ་བློ་གཅིག་གྱུར་ཡོང་བ་བྱས་ནས་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་གཞི་ཚུགས་ས་དང་ཤུགས་རྒྱག་ས་གནད་འཁེལ་འཚོལ་ཞིང་། “ཡུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས”ཀྱི་ལས་དོན་རྒྱ་སྟོབས་ཆེ་རུ་བཏང་ནས་ལྷད་མེད་ཐོན་རྫས་ཁུལ་ཤུགས་ཡོད་རྒུས་བསྐྲུན་ནས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད།

ཚད་དཔོག་གཏན་འཁེལ་ཡང་དག་བྱས་ཏེ་ཁྱད་ལྡན་ཐོན་ལས་འདུས་ཚོགས་བསྐྲུན་དགོས།

རང་ཁུལ་ནི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་ཆགས་སྟངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་པས། ཐུན་མོང་མ་ཡིན་པའི་ས་ཁམས་ལེགས་ཆ་དང་རང་བྱུང་ཆ་རྐྱེན་གྱིས་སྣ་མང་ཅན་དང་རྒྱུན་མཐུད་ཐུབ་པའི་མཐོ་སྒང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་སྐྱེད་སྲིང་བྱེད་ཀྱི་ཡོད། དེར་བརྟེན། རང་ཁུལ་གྱིས་ལྷད་མེད་ཐོན་རྫས་ཁུལ་སྐྲུན་པར་བརྟེན་ནས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་ཏེ། གཙོ་བོར་གསོ་སྐྱོང་དང་ལམ་སྲོལ་འཛུགས་པ། ཕན་འབྲས་ཐོན་པ་བཅས་བྱས་ནས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་གནག་ཕྱུགས་དང་བོད་ཕག། ཤིང་འབྲས་དང་སྔོ་ཚལ་། ཤ་མོའི་རིགས་སོགས་ལྷད་མེད་ཐོན་ལས་འདུས་ཚོགས་བསྐྲུན་ཡོད་པ་རེད།

ན་ནིང་སྤྱི་ཟླ7པའི་ཚེས18ཉིན་ལ་དཀར་མཛེས་ཁུལ་གྱི་ལྷད་མེད་ཞིང་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་དངོས་སུ་བཙུགས་པ་དང་རང་ཁུལ་གྱི་ཁེ་ལས་དང་བྱ་གཞག་སྡེ་ཚན42དང་དེ་བཞིན་མི་སྒེར་གྱི་ཁོངས་མི80ལྷག་བསྡུས་ནས་གསོ་སྐྱོང་དང་བདག་སྐྱོང་ལམ་སྲོལ་བཙུགས་ཏེ་ལྷད་མེད་ཁེ་ལས་ཀྱི་ཆ་འཕྲིན་དང་ཚོང་ར། ལག་རྩལ་སོགས་ཐོན་ཁུངས་མཉམ་སྤྱོད་ལ་མཛུབ་ཁྲིད་བྱ་རྒྱུར་རྨང་གཞི་བཏིང་ཡོད།

ཁུལ་ཞིང་འབྲོག་ཡུལ་སྡེ་ཅུས་ཀྱི་འབྲེལ་ཡོད་ཚན་ཁག་དང་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་ཁུལ་གྱིས《དཀར་མཛེས་ཁུལ་གྱི་ལྷད་མེད་ཐོན་རྫས་ཁུལ་སྐྲུན་པའི་ལག་བསྟར་བསམ་འཆར》བཟོས་ནས་ལྷད་མེད་ཐོན་རྫས་ཁུལ་སྐྲུན་པའི་མགོ་ཁྲིད་ཚོ་ཆུང་བཙུགས་པ་དང“གཙང་གསུམ་རྒྱུད་དྲུག”གི་བར་མཐོངས་བཀོད་སྒྲིག་ལ་དམིགས་ནས་སྐྱེ་ཁམས་ཐོན་ཁུངས་དང་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཁྱད་ཆོས་ལྡན་པའི་ཕྱུགས་རིགས་དང་འདབ་ཆགས་རིགས། འབྲུ་སྣུམ་སྤུས་ལེགས། ལྷད་མེད་སྔོ་ཚལ། ཁྱད་ཆོས་ལྡན་པའི་ཤིང་ཏོག། སྐྱེ་ཁམས་ཤ་མོ་སོགས་སྐྱེད་སྲིང་ཡོད་པས་ད་ཆར་ལྷད་མེད་ཐོན་ལས་རྣམ་གྲངས11ལ་གན་རྒྱ་བཞག་པ་དང་སྤུས་ལེགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་རྟེན་གཞི་མུའུ་ཁྲི86.61བསྐྲུན་པ་རེད།

སྤུས་རྟགས་ལེགས་སུ་གཏོང་ཞིང་ཐོན་ལས་འབྲེལ་ཐག་བཟོས་ནས་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས།

སྤྱི་ཟླ8པའི་ཚེས10ཉིན་ལ་དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་རི་ཐང་པ་རྩྭ་ཐང་དུ་ནོར་གནག་མཛེས་འདེམས་འགྲན་བསྡུར་ཞིག་སྤེལ་ཞིང་། དེའི་ནང་གནག་ཕྱུགས46ལ་རྒྱན་ཆས་སྤྲས་ནས་དམར་མདངས་བཀྲ་བཞིན་དུ་གར་སྟེགས་ཐོག་འབྱོར། འགྲན་སྡུར་བྱས་ཏེ་ཨ་རྩེ་ཡུལ་ཨ་འཛི་ཡུལ་ཤོག་འབའ་རྫེས་གྲོང་སྡེའི་གནག་ཕྱུགས་ཨང་རྟགས40པ་ལ་རྒྱ་མ1080ཡོད་པས་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

རང་ཁུལ་དུ་སྤུས་ལེགས་དངོས་རིགས་བདམས་པའི་ས་ཆ་ད་དུང་མང་པོ་ཡོད། གདོད་མའི་ཐོན་ཁུངས་དེ་དག་ལ་སྲུང་བ་ནི་ལྷད་མེད་ཐོན་རྫས་ཁུལ་སྐྲུན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། དེར་བརྟེན་རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཞིང་ལས་སོན་རིགས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་བྱ་སྤྱོད་གོ་རིམ་ལྡན་པའི་ངང་སྐུལ་བཞིན་ཡོད་པ་དང་། ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་གཏན་ལ་ཕབ་ནས་སོན་རྒྱུའི་ཐོན་ཁུངས525མཛོད་དུ་བཅུག་ནས་སྡེ་རོང་གི་སུར་པན་དང་འབའ་ཐང་གི་རྒྱ་གྲོ་སོགས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སྣ6བདམས་ཡོད། དེ་སྔའི་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་སྣ་ཁ10ཡི་རིགས་སྣ་དང་། གྲངས་འབོར། ཁྱབ་ཚུལ་བཅས་མཐིལ་རྟོགས་བྱས་ཤིང་། རྨ་ཁའི་ལུག་དང་། ལི་ཐང་ལུག། ཉི་རྟེན་གནག་ཕྱུགས་སོགས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསར་པ3བསྔོགས་ཡོད། གཞན་ཡང་རང་ཁུལ་གྱིས་སོན་རིགས་གསོ་སྐྱོང་དམ་དུ་འཛིན་པ་དང་སྦྲགས། ཐོན་ལས་འབྲེལ་ཐག་འཛུགས་སྐྲུན་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་ཡོད།

ཞིང་ལས་འགྲེམས་ཚོགས་སུ“གནས་མཆོག་དཀར་མཛེས་ཁུལ”རྟགས་ཅན་གྱི་ཐོན་རྫས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཅིག་འདོམས་སུ་བྱས་ནས་རང་ཁུལ་གྱི་ནོར་གནག་ཤ་དང་། བོད་ཕག། ནས། མཐོ་སྒང་ཤིང་འབྲས་དང་སྔོ་ཚལ་སོགས་ལྷད་མེད་སྐྱེ་ལྡན་ཐོན་རྫས་དེ་དག་གིས་འགྲེམས་སྟོན་ཡུལ་དངོས་སུ་སྒོར་ཁྲི4000ཙམ་བཙོངས་ཐུབ་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང“གནས་མཆོག་དཀར་མཛེས”རྟགས་ཅན་གྱི་ཐོན་རྫས་པེ་ཅིང་དང་ཧྲང་ཧའེ། ཀོང་ཏུང་། ཤང་ཀང་སོགས་སུ་འོས་སྦྱོར་བྱེད་སྒོ་ཆེ་གྲས་སྤེལ་ནས་ཀོང་ཀྲོའུ་དང་ཀྲུའུ་ཧའེ། ཁྲེང་ཏུའུ་སོགས་གྲོང་ཁྱེར་དུ་ཁྱད་ཆོས་ལྡན་པའི་ཐོན་རྫས་ཆེད་སྒམ་བཙུགས་ཡོད།

རང་ཁུལ་གྱིས་ཧེ་བག་ཅན་དང་སྤུས་ལེགས་ཆུང་གྲས་གནད་རྟོལ་བྱེད་དུ་བྱས་ནས་མངག་ཐོ་དང་གཏན་བཟོ། ཁུངས་སྐྱེལ། རིག་ནུས་དྲྭ་ལམ་སོགས་ཞིང་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ལྷད་མེད་བཅུད་ལྡན་གྱི་ཐོན་རྫས་རྩེ་གྲས་ཀྱིས་ཞིང་ལས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་བའི་བྲིན་ཚོང་ལ་ཁྲིད་སྟོན་བྱས་ནས་ལྷད་མེད་ཐོན་རྫས་ཁུལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་ཕན་འབྲས་ཐོན་ཡོད་པ་རེད།

གླེང་རིན་ཡོད་པ་ཞིག་ནི“གནས་མཆོག་དཀར་མཛེས”རྟགས་ཅན་གྱི་ཐོན་རྫས་ཞེས་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཞིང་ཆེན་ཡོངས་ཀྱི་སྤུས་རྟགས་རྩེ་གྲ100ཡི་གསོ་སྐྱོང་སྤུས་རྟགས་སུ་བདམས་ཡོད། ཕྱག་ཕྲེང་རྫོང་ལ་དང་ཐོག“ལྷད་མེད་ཐོན་རྫས་དཔང་གཅོད་དཔེ་སྟོན་ཡུལ་ཁུལ་གསར་འཛུགས་ཡུལ་ཁུལ”གྱི་མཚན་སྙན་ཐོབ་པ་རེད། མིག་སྔར་ལྕགས་ཟམ་དང་བརྒྱད་ཟིལ། དཀར་མཛེས་བཅས་རྫོང་གསུམ་གྱིས་ལྷད་མེད་ཐོན་རྫས་དཔང་གཅོད་དཔེ་སྟོན་ཁུལ་སྐྲུན་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད། དར་མདོ་གྲོང་ཁྱེར་དང་བརྒྱད་ཟིལ་རྫོང་། ཉག་ཆུ་རྫོང་། ལི་ཐང་རྫོང་། ཉག་རོང་རྫོང་སོགས་ཀྱིས་སྐྱེ་ལྡན་ཞིང་ལས་ཐོན་རྫས་དཔེ་སྟོན་རྟེན་གཞི་དང་ལྷད་མེད་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་སྐྲུན་པའི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་ལ། དེ་མིན་རྫོང་གིས་ཀྱང་དེ་མཚུངས་ཀྱི་ལྷད་མེད་ཐོན་ལས་འཕེལ་རྒྱས་འཆར་འགོད་དམ་ཡང་ན་ཇུས་གཞི་བཟོས་ནས་དཔེ་སྟོན་ཡུལ་ཁུལ་དང་དཔེ་སྟོན་རྟེན་གཞི་བཙུགས་ཏེ་མེད་པ་ནས་ཡོད་པའི་བར་གྱི་ཚད་བརྒལ་བྱུང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༢
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་ཉ་མགོ་གྲོང་སྡེའི་ཡུལ་མི་ཚོས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ།
  • དོ་སྣང་ཆེ་བའི་རྩོམ།