རྟ་མགྲིན་རྡོ་རྗེས་བསྒྱུར། 2024-01-08
ཉེ་ཆར། གསར་འགོད་པས་ཀྲུང་གུང་ལི་ཐང་རྫོང་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2027ལོར་སླེབས་སྐབས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་སུ་ལི་ཐང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་ལ་གཞིགས་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་བའི་དམིགས་ཚད་བཏོན་པ་སྟེ། 2027ལོར་སླེབས་སྐབས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གྲོང་ཡུལ་གྱི་བར་མཐོངས་རྣམ་པ་སྔར་བས་ལེགས་སུ་འགྲོ་བ། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། གནས་སྡོད་དང་བྱ་གཞག་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཐོག་མར་འཛུགས་པ། གྲོང་ཡུལ་དཔལ་འབྱོར་འཁོར་རྒྱུག་སྔར་བས་ཤར་བགྲོད་ཐུབ་པ། གྲོང་ཡུལ་སྤྱི་པའི་ཞབས་ཞུ་སྔར་བས་སྤུས་ཀ་ལེགས་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏང་བ། གྲོང་ཡུལ་གཞིས་མིའི་ཡོང་འབབ་སྔར་ལས་དོ་མཉམ་ཡོང་བ་དང་གྲོང་ཡུལ་འཕེལ་རྒྱས་གཏོང་བའི་ཧེ་བག་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཧེ་བག་རིམ་བཞིན་ཆུང་དུ་གཏང་རྒྱུ་རེད། 2035ལོར་བསླེབ་སྐབས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏང་བ་དང་གྲོང་ཡུལ་ས་ཁོངས་འཕེལ་རྒྱས་དེ་བས་མཐུན་སྦྱོར་དང་དེ་བས་དོ་སྙོམས་ཡོང་བ། གྲོང་ཡུལ་གཞིས་མིའི་འཚོ་བ་ཆེས་ཆེར་ལེགས་སུ་གཏང་བ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་དེ་བས་མངོན་གསལ་དོད་པའི་ཕན་འབྲས་ཐོན་པ། མཛེས་སྡུག་ལྡན་པའི་གྲོང་ཡུལ་འཕེལ་རྒྱས་ཀྱི་ཐུན་མོང་སྒྲིག་གཞི་ཁག་གཞི་རྩའི་ཆ་ནས་ཆགས་པ་བཅས་བྱ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10