ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༦

སྐལ་ཐུབ་ཀྱིས་བསྒྱུར།        2024-01-09

     ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༦

    ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་ཞུམ་མེད་བྱས་ཏེ། ཡར་ལངས་ཐུབ་པ་ནས་ཕྱུག་པོར་གྱུར་པ། དེ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བསུས་ཡོད་ཅིང་། དུས་རབས་ཀྱི་རྗེས་སུ་ལུས་པ་ནས་དུས་རབས་ཀྱི་རྗེས་ཟིན་པ་དང་། དེ་ནས་དུས་རབས་ཀྱི་སྣེ་ཁྲིད་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཏེ། འགྲོ་བ་མིའི་ལོ་རྒྱུས་ཐོག་གནམ་ས་སྒུལ་ཅིང་ལྷ་འདྲེ་བཤུམ་པའི་ལོ་རྒྱུས་ཀྱི་ཟློས་གར་རླབས་པོ་ཆེ་བརྩམས་ཡོད། རིག་རྩལ་ལས་དོན་པ་རྒྱ་ཆེན་གྱིས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་དུས་རབས་ཀྱི་ལྟ་བ་ཆེན་པོ་བཅངས་ནས། ཆུ་སྟོང་མིག་ཏུ་འདྲེན་ཅིང་དམག་འབུམ་ཁོག་ནས་བརྡོལ་བ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་འཕོ་འགྱུར་མཚོན་པ་དང་། ལོ་ངོ་བརྒྱའི་ཀྲུང་གོ་མིའི་འཇིག་རྟེན་ལུགས་བཟང་གསལ་སྟོན་དང་། རྒྱལ་གཅེས་རིང་ལུགས་གཙོས་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་གཙོས་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་དུས་རབས་ཀྱི་གཙོ་དོན་དབྱངས་རྟ་དཔའ་ངར་ཆེར་བསྐྱེད་ཀྱིས་བླང་དགོས་སོ།།

     2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་དགོས་ཞེས་གསུངས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༧
  • དོ་སྣང་ཆེ་བའི་རྩོམ།