ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༧

སྐལ་ཐུབ་ཀྱིས་བསྒྱུར།        2024-01-11

    ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༧

     ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ནི་ཀྲུང་གོ་མི་དམངས་ཀྱིས་ཚོད་བགམ་དང་འགྲན་སློང་གསར་པའི་ཁྲོད་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་པའི་དུས་རབས་ཤིག་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་ཧུར་ཐག་བྱས་ནས་འཚོ་བ་སྐྱིད་པོ་སྐྲུན་པའི་དུས་རབས་ཤིག་ཀྱང་ཡིན། རི་མཐོན་པོར་འཛེགས་ན་མི་སེམས་ཡངས།། ཆུ་གཙང་འགྲམ་བསྐྱོད་ན་བློ་ཕུགས་རིང་ཞེས་པ་ལྟར། རིག་རྩལ་ལས་དོན་པ་རྒྱ་ཆེན་གྱིས་དུས་རབས་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས། དུས་རབས་ཀྱི་འཕར་རྩ་ལས་སྒྱུ་རྩལ་གྱི་འཕར་སྟངས་ཚོར་ཐུབ་པ་དང་། སྒྱུ་རྩལ་གསར་སྐྱོང་མི་དམངས་དུང་ཕྱུར་མང་པོའི་འབད་འཐབ་རླབས་པོ་ཆེར་ཕྱོགས་ཤིང་། སྤྱི་ཚོགས་འཚོ་བ་སྣ་མང་ཕུན་སུམ་ཚོགས་པར་ཕྱོགས་པ་དང་། དུས་རབས་ཀྱི་འགྱུར་ལྡོག་དང་ཀྲུང་གོའི་ཡར་རྒྱས། མི་དམངས་ཀྱི་འབོད་སྒྲ་བཅས་ཀྱི་ཁྲོད་ནས་གཙོ་དོན་གདམ་གསེས་དང་བརྩམ་གཞི་བསྡུས་ཏེ། ཀྲུང་ཧྭའི་ལོ་རྒྱུས་ཀྱི་མཛེས་སྡུག་དང་། རི་ཀླུང་གི་མཛེས་སྡུག། རིག་གནས་ཀྱི་མཛེས་སྡུག་བཅས་མངོན་པར་མཚོན་ནས་ཀྲུང་གོ་མི་དམངས་ཀྱི་འབད་འཐབ་ཕུགས་འདུན་དང་གསར་གཏོད་སྟོབས་ཤུགས། འཕེལ་རྒྱས་གྲུབ་འབྲས་བཅས་བྲིས་ཏེ་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་བསྟན་དགོས།


   2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༦
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།