ཧུའུ་ཡུན་གྱིས་རང་ཁུལ་དུ་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2024-01-10

   སྤྱི་ཟླ་དང་པོའི་ཚེས5ནས་ཚེས6ཉིན་བར། ཞིང་དཔོན་གཞོན་པ་ཧུའུ་ཡུན་གྱིས་རང་ཁུལ་གྱི་འདབ་པ་རྫོང་དུ་བརྟག་ཞིབ་གནང་བ་རེད། ཧུའུ་ཡུན་དང་བཅས་པས་སྔ་རྗེས་སུ་འདབ་པ་རྫོང་ཤམ་བྷ་ལའི་གྲོང་རྡལ་ཉི་སྟེན་གྲོང་ཚོའི་མི་སེར་མགྲོན་ཁང་ཁག་གཅིག་དང་།ཤམ་བྷ་ལ་རྟེན་རྫས་བཤམས་མཛོད་ཁང་། ལན་གཡོད་གྲོག་རོང་ཞབས་ཞུའི་ལྟེ་གནས། གཟུགས་མེད་རིག་གནས་ཤུལ་བཞག་ཁང་སོགས་སུ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ལས་གཞི་འཛུགས་སྐྲུན། མཛེས་ལྗོངས་ཁུལ་དོ་དམ་གཉེར་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱས་པ་དང་འབྲེལ། ཉི་སྟེན་གྲོང་ཚོ་སྲུང་སྐྱོང་དང་མཛེས་ལྗོངས་ཁུལ་གྱི་དོ་དམ་ལམ་སྲོལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ནས་འཚོགས་པ་དང་།ལས་དོན་སྐུལ་འདེད་གཏང་བའི་གནས་ཚུལ་ལ་ཉན་པ་དང་ཕྱིན་ཆད་ཀྱི་ལས་དོན་ཁག་བཀོད་སྒྲིག་བཅས་བྱས་པ་རེད།

   ཧུའུ་ཡུན་གྱིས་འདབ་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ནི་འཛམ་གླིང་ཐོག་ཉག་གཅིག་རང་བཞིན་ཞིག་ཡིན་པས། འཛམ་གླིང་གི་མིག་རྒྱང་རྒྱུན་འཁྱོངས་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན། སྤྱི་ཡོངས་ནས་འཆར་འགོད་བཀོད་སྒྲིག། ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་ས་རྟགས་གསར་པ་གཏོད་པར་འཆར་འགོད་ཁྲིད་སྟོན་བཅས་བྱས་ནས་སྤུས་ཚད་མཐོ་བའི་མཛེས་ལྗོངས་ཁུལ་ལ་ཕན་འབྲས་ཆེན་པོ་ཐོན་པའི་འགན་ལེན་བྱ་དགོས་པ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཆེ་རུ་གཏོང་བར་བསྐུལ་ནས་འཛམ་གླིང་རིམ་པའི་ཡུལ་སྐོར་ས་རྟགས་གསར་པ་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

   ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ལི་ཅུན་ཁྲེན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་སུང་ཆིའུ། ཞིང་ཆེན་རིག་དངོས་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ལི་པེ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་པོ་ཐའོ་བཅས་བརྟག་ཞིབ་ནང་ཞུགས་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུས་མཐོ་རིམ་ལས་རིགས་སློབ་གསོར་ཆེད་དོན་ཞིབ་འཇུག་བྱས།
  • ལེ་ཚན་རྗེས་མ།:ཁུལ་མི་དམངས་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།