ཁུལ་ཨུས་མཐོ་རིམ་ལས་རིགས་སློབ་གསོར་ཆེད་དོན་ཞིབ་འཇུག་བྱས།

སྐལ་ཐུབ་ཀྱིས་བསྒྱུར།        2024-01-09

  སྤྱི་ཟླ་དང་པོའི་ཚེས3ཉིན། ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་དཀར་མཛེས་ཁུལ་ལས་རིགས་སློབ་གླིང་གི་ལས་དོན་སྙན་སེང་ལ་ཉན་པ་དང་ཐག་གཅོད་བྱ་དགོས་པའི་འབྲེལ་ཡོད་གནད་དོན་ཞིབ་འཇུག་བྱས་ཏེ་རང་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པ་རེད། 

    ཚོགས་འདུར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་གིས་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་པ་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་ཤུགས་བརྒྱབ་ཅིང་། སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་བཏང་བ་དང་། ཁུལ་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་ལོ་རེ་བཞིན་མང་དུ་བཏང་ཞིང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། དཀར་མཛེས་ཁུལ་ལས་རིགས་སློབ་གླིང་བདེ་བླག་ངང་བཙུགས་ནས་ཁུལ་ཡོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གླིང་དང་པོར་གྱུར་པ་དང་། ཁུལ་ཡོངས་ཀྱི་མཐོ་རིམ་སློབ་གསོའི་སློབ་གཉེར་མ་ལག་སྔར་བས་ལེགས་སུ་ཕྱིན་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲོད་པའི་ཤེས་ལྡན་པ་བྱང་ཚད་མཐོ་ལ་རྩལ་ནུས་ལྡན་པ་གསོ་སྐྱོང་བྱ་ཆེད་བྱས་རྗེས་ཕུལ་ཡོད། ད་ཆར་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མེད་པ་ནི་སྔར་བཞིན་ཁུལ་གྱི་གནས་ཚུལ་ཆེ་ཤོས་ཡིན་པ་དང་། དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་མགྱོགས་པོ་བཏང་ནས་སློབ་སྔོན་སློབ་གསོ་དང་། དམའ་རིམ་སློབ་གསོ། འབྲིང་རིམ་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་འཕེལ་ཕྱོགས་བཟང་པོ་མུ་མཐུད་དེ་སྲ་བརྟན་དང་ཇེ་ལེགས་སུ་གཏོང་བ་ནི་དཀར་མཛེས་ཁུལ་གྱི་དགོས་མཁོ་ཡིན་ལ་དམངས་སེམས་གཏད་ཕྱོགས་ཀྱང་ཡིན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སློབ་གཉེར་འདུ་ཤེས་གསལ་པོ་བཟོ་བ་དང་། སློབ་གཉེར་དམིགས་འབེན་གཏན་འཁེལ་བྱེད་པ། མི་དམངས་བློ་ཡིད་ཚིམ་པའི་མཐོ་རིམ་ལས་རིགས་སློབ་གསོ་ཧུར་ཐག་གཉེར་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འགན་ལེན་བྱ་དགོས། 

    ཚོགས་འདུར་སློབ་གཉེར་ཁ་ཕྱོགས་སྟངས་འཛིན་ཡག་པོ་དང་། སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ། སློབ་གཉེར་གྱི་རྨང་གཞི་སྲ་བརྟན་གཏོང་བ། སློབ་གཉེར་གྱི་དགེ་རྒན་སྟོབས་ཤུགས་ཡོད་པ་གཞག་པ་དང་། སློབ་གཉེར་གྱི་བདེ་འཇགས་དམ་འཛིན་ཡག་པོ་བྱ་དགོས་པ་བསྟན་པ་རེད།

     ཚོགས་འདུར་རིམ་ཁག་དང་སྡེ་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ཧུར་ཐག་བྱེད་ཅིང་། རང་འགན་རང་ཁུར་དང་རང་འགན་རང་སྒྲུབ། གོ་སྐབས་འཕྲོག་འཛིན། གནད་དོན་འདུམ་གཅོད་དང་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་ཞིང་། སྲིད་གཞུང་གིས་སྤྱི་འདོམས་དོ་དམ་དང་ལས་རིགས་དང་ཁེ་ལས་ཀྱིས་ཧུར་ཐག་གཉེར་བ། སྤྱི་ཚོགས་སྟོབས་ཤུགས་ཧུར་ཐག་ཞུགས་པའི་སློབ་གཉེར་གནས་བབ་སྣ་མང་རྒྱུན་ཆད་མེད་པར་བཙུགས་ཏེ། མཉམ་དུ་དཀར་མཛེས་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས་པ་ནན་པོར་བསྟན་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་ཏང་འཛུགས་སྣེ་ཁྲིད་ལ་ཤུགས་བརྒྱབ་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།