ཁུལ་མི་དམངས་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2024-01-10

སྤྱི་ཟླ་དང་པོའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས《སྲིད་གཞུང་གི་ལས་དོན་སྙན་ཞུ(གྲོས་བསྡུར་མ་ཟིན)》དང《འཆར་གཞིའི་འཆར་ཟིན་སྙན་ཞུ(གྲོས་བསྡུར་མ་ཟིན)》《ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུའི(གྲོས་བསྡུར་མ་ཟིན)》《ཡུལ་སྡེ་དར་རྒྱས་ལས་དོན་གྱི་སྙན་ཞུའི(གྲོས་བསྡུར་མ་ཟིན)》ལ་གྲོས་ཞིབ་གནང་བ་དང་སླད་ཕྱིན་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་བཅས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་གསུང་གནང་བ་རེད།

  • ལེ་ཚན་སྔོན་མ།:ཧུའུ་ཡུན་གྱིས་རང་ཁུལ་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གི་སྟར་སྡོང་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ།
  • དོ་སྣང་ཆེ་བའི་རྩོམ།