ཉག་ཆུ་རྫོང་གི་སྟར་སྡོང་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ།

ཀུན་དགས་བསྒྱུར།        2024-01-10

ཉག་ཆུ་རྫོང་གི་སྟར་སྡོང་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ།
བྱིས་པ་ཚོས་རི་མོ་འབྲི་བཞིན་པ།

      སྤྱི་ཟླ་དང་པོའི་ཚེས1ཉིན་ཉག་ཆུ་རྫོང་གི་སྟར་སྡོང་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ་ཡོད།དཔེ་མཛོད་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ332ཙམ་ཡོད་པ་དང་།ཐོག་རྩེག་དང་པོར་དཔེ་མཛོད་ཁང་སྒྲིག་སྦྱོར་བྱས་ཡོད་ཅིང་།དེའི་ནང་དཔེ་དེབ་ཁྲི3ལྷག་དང་གློག་རྡུལ་དཔེ་དེབ་ཁྲི1ལྷག་ཉར་ཡོད། ཐོག་རྩེག་གཉིས་པ་དང་གསུམ་པར་སྤྲོ་གསེང་ཁང་དང་།འཚིག་ཇ་ཁང་།ཞིན་ཧྭ་དཔེ་མཛོད་ཁང་སྒྲིག་བཀོད་བྱས་ཡོད། དཔེ་མཛོད་ཁང་གིས་བློ་རིག་དང་།མི་ཆོས། དུས་རབས། སྤྲོ་གསེང་བཅས་བརྗོད་དོན་གཙོ་བོར་བྱས་ནས་བར་མཐོངས་ཀྱི་རྣམ་པ་གཏོད་རྒྱུར་མཐོང་ཆེན་བྱས་ཏེ་ཁོར་ཡུག་འབྱུང་འཕྲོད་དང་།སྒྲོག་ཙེ་དང་རྐུབ་སྟེགས་བཀོད་སྒྲིག། རིག་གནས་གསར་གཏོད་འགྲེམས་སྟོན་སོགས་ནས་འགོ་བཙུགས་ཏེ་བྱིས་པའི་དཔེ་དེབ་ལྟ་ཀློག་ཁུལ་དང་།དར་མའི་དཔེ་དེབ་ལྟ་ཁུལ།རིག་གནས་གསར་གཏོད་ཁུལ་སོགས་ཕྱོགས་བསྡུས་རང་བཞིན་གྱི་དཔེ་དེབ་ལྟ་ཀློག་ཁུལ་བཀོད་སྒྲིག་བྱས་པར་མ་ཟད།རིག་གནས་སྤྲོ་གསེང་དང་སྤྱི་ཚོགས་འབྲེལ་ནུས་ཆེ་རུ་བཏང་བ་དང་དཔེ་ཆ་གཡར་ས་དང་འཆད་ཁྲིད་བྱེད་ས། དཔེ་ཀློག་བྱེད་ས་སོགས་འཐུས་ཚང་བྱས་ཡོད།

     དཔེ་མཛོད་ཁང་ལས་གཉེར་བྱེད་པའི་ཉིན་དེར་ཁྱིམ་བདག་མང་པོ་ཞིག་བུ་ཕྲུག་ཚོ་དང་མཉམ་དུ་ཕྲུ་གུའི་རི་མོ་འབྲི་ཡུལ་དུ་ཡོང་ནས་ཚང་མའི་འདོད་མོས་ཀྱི་རི་མོ་འབྲི་དེབ་དང་བྱིས་སྒྲུང་སོགས་བདམས་ནས་དཔེ་ཀློག་གི་སྤྲོ་སྣང་འཕེལ་བར་བྱས། དཔེ་མཛོད་ཁང་དུ་ཀློག་པ་པོ་ལ་ལས་དཔེ་སྒྲོམ་མདུན་དུ་བསྐྱོད་དེ་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་གདམ་ག་བྱེད་པ་དང་། ལ་ལས་ནན་ཏན་གྱིས་དཔེ་ཀློག་བྱེད་པ། ཡང་འགའ་ཞིག་གིས་དཔེ་དེབ་གཡར་བ་སོགས་ཀྱི་རྣམ་པས་ཁེངས་ཡོད།

དཔེ་དེབ་གཡར་མཁན་སྐུ་ཞབས་ཙེང་ལགས་ཀྱིས་དེ་སྔོན་དཔེ་དེབ་གཡར་སྐབས་གྲལ་བསྒྲིགས་ནས་ཐོ་འགོད་བྱེད་དགོས་པས་འདི་འདྲའི་སྟབས་བདེ་པོ་མ་རེད།ད་ཆ་དཔེ་མཛོད་ཁང་གིས་དེབ་གཡར་རང་འགུལ་འཕྲུལ་ཆས་སྤྱོད་བཞིན་ཡོད་པས་གཡར་འདོད་པའི་དཔེ་དེབ་འདེམས་སྐབས་འཕྲུལ་ཆས་ཐོག་རང་འགུལ་ངང་ཐོ་འགོད་བྱེད་ཆོག་པས་བརྒྱུད་རིམ་སྟབས་བདེ་རུ་ཕྱིན་པར་མ་ཟད།དུས་ཚོད་ཀྱང་གྲོན་ཆུང་བཏང་སོང་ཞེས་བཤད།

       དཔེ་མཛོད་ཁང་གི་འགན་འཁུར་བས་ཀློག་པ་པོར་སྔར་བས་སྐྱིད་སྣང་དོད་པའི་དཔེ་ཀློག་ཁོར་ཡུག་གཏོད་ཆེད།དཔེ་དེབ་ཁང་དུ་ད་དུང་སྤྲོ་གསེང་ཁྱབ་ཁོངས་མང་དུ་བཏང་བ་དང་།དཔེ་མཛོད་ཁང་ནང་གི་སྐུད་མེད་དྲ་བ་བཀོད་སྒྲིག་བྱེད་པ།ཀློག་པ་པོར་འཐུང་ཆུ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། གཞན་ཡང་དཔེ་མཛོད་ཁང་གིས་ད་དུང་འབྱུང་འགྱུར་དུས་བཀག་ལྟར་རིག་གནས་བྱེད་སྒོ་དང་སྤེལ་རེས་ལས་གཞི་དེ་བས་མང་བ་གཉེར་ནས་ཚང་མར་སྤྲོ་གསེང་རོལ་རྩེད་ཀྱི་རྣམ་པ་གཏོད་རྒྱུར་མ་ཟད།སྤྲོ་གསེང་རོལ་རྩེད་ཁྲོད་ནས་ཤེས་ཡོན་འཕེལ་བ་བྱ་རྩིས་ཡོད་ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཁུལ་མི་དམངས་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་འཐུས་ཚབ་བཞུགས་མོལ་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།