རང་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་འཐུས་ཚབ་བཞུགས་མོལ་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2024-01-10

རང་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་འཐུས་ཚབ་བཞུགས་མོལ་ཚོགས་འདུ་འཚོགས།

སྤྱི་ཟླ་དང་པོའི་ཚེས4ཉིན།དཀར་མཛེས་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ཏེ། ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཨུའི་སྤྱིའི་ལས་ཀའི་རྣམ་པར་དམ་པོར་དམིགས་ནས་སྔོན་ཐོན་བསྡུར་རེས་བྱེད་པ་དང་དཔེ་བཟང་ལ་སློབ་སྦྱོང་བྱེད་པ། ངལ་རྩོལ་སྙིང་སྟོབས་དང་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་གཏོད་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཧུར་ཐག་རྩོམ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ་ཝུའེ་གོ་ཆོན་དང་།རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་གྲུབ་འབྲས་མངོན་གསལ་དོད་པའི་མི་སྒེར་ལིའུ་ཕུང་། རྒྱལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་པའི་དཔེ་བཟང་ཆུས་མུའུ་ཉིའུ་དགའ། རྒྱལ་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ་ཕུལ་བྱུང་བློ་བཟང་རྒྱ་མཚོ། རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་མི་སྒེར་སྨིན་དྲུག་ལྷ་མོ། སི་ཁྲོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཞེ་ཁྲེན།“སི་ཁྲོན་གྱི་མི་བཟང”ཞེས་པའི་གཞན་ཕན་སྒྲུབ་པར་དགའ་བའི་མི་བཟང་བྱང་ཆུབ་ཆོས་སྒྲོན། སི་ཁྲོན་ཞིང་ཆེན་སྐབས་གཉིས་པའི་ཁྱིམ་སྲོལ་ཡག་མོ་བཅུའི་ཁྱིམ་སྲོལ་འཐུས་མི་ཅིན་ཝུའུ་ཕིང་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་མཁན་འཐུས་ཚབ་པས་ལས་སྒྲུབ་ལོ་རྒྱུས་དང་རང་ཉིད་ཀྱི་མྱོང་ཚོར་ལྷུག་པོར་བཤད་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱེད་པ། དཔེ་བཟང་གི་ནུས་པ་རང་འགུལ་ངང་འདོན་སྤེལ་ཡག་པོ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་མུ་མཐུད་དུ་རང་ཉིད་ཀྱི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས2023ལོར་ཁུལ་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཚང་མས་ལས་རིགས་འཐབ་ཕྱོགས་ཁག་ཏུ་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། ལས་གནས་མི་འདྲ་བར་དཀའ་སྤྱད་ངལ་རྩོལ་བྱས་པར་བླ་ན་མེད་པའི་གུས་འདུད་ཞུས་པ། སྔོན་ཐོན་དཔེ་བཟང་བ་དང་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། ཁོང་གིས་སྔོན་ཐོན་དཔེ་བཟང་རྣམ་པ་ཚོ་ནི་ཁུལ་ཡོངས་ཀྱི་ངལ་རྩོད་པ་ཁྲི་སྟོང་མང་པོའི་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་ཚབ་ཡིན་ལ། ཡུན་རིང་པོར་མཐོ་སྒང་དུ་གཞི་ཆགས་པ་དང་སྤྱིར་བཏང་གི་ལས་གནས་ཐོག་གཞི་ཚུགས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་ཆེད་སྤྱིར་བཏང་མིན་པའི་ལེགས་སྐྱེས་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“བློ་དཀར་དང་འགན་ཁུར། ལས་བརྩོན། ལེགས་སྐྱེས། མཐུན་སྒྲིལ”བཅས་ཀྱི་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་མངོན་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩི་འཇོག་དང་བསྔགས་བརྗོད་ཐོབ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་གསུངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་མདུན་ལམ་གསལ་པོའི་འཆར་གཞི་བཟོས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོན་ཐོན་དཔེ་བཟང་མིག་དཔེར་བྱས་ཏེ་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་སྔོན་ཐོན་ལེགས་འཛུགས་དང་ཕུལ་བྱུང་བརྩོན་ལེན་བྱ་དགོས། གཅིག་ནི་སྔོན་ཐོན་དཔེ་བཟང་གི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བློ་དཀར་སེམས་དཀར་གྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱ་དགོས། གཉིས་ནི་སྔོན་ཐོན་དཔེ་བཟང་གི་འགན་འཁུར་ཡར་བརྩོན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དགོས། གསུམ་ནི་སྔོན་ཐོན་དཔེ་བཟང་གི་ལས་གཅེས་ལས་བཀུར་གྱི་ལས་རིགས་སྤྱོད་ལམ་ལ་སློབ་སྦྱོང་བྱ་དགོས། བཞི་ནི་སྔོན་ཐོན་དཔེ་བཟང་གི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་མི་ཚེའི་ལྟ་བ་དང་བསམ་ཕྱོགས་ལ་སློབ་སྦྱོང་བྱ་དགོས། ལྔ་ནི་སྔོན་ཐོན་དཔེ་བཟང་གི་མཐུན་སྒྲིལ་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་བྱ་དགོས།

ཧྲེན་དབྱང་གིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་དཔེ་བཟང་གི་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་།ང་ཚོའི་ཉེ་འགྲམ་གྱི་མི་དཀྱུས་མའི་བྱ་སྤྱོད་བཟང་པོ་ཟམ་མི་ཆད་པར་ཡག་པོ་ཤོད་པ། སྔོན་ཐོན་དཔེ་བཟང་གི་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བྱེད་པ་བཅས་བྱས་ནས་སྔོན་ཐོན་ལ་བརྩི་མཐོང་དང་སྤྱོད་ཡོན་གཉིས་ལྡན་ལ་མིག་དཔེ་ལྟ་བའི་རྣམ་པ་བཟང་པོ་ཧུར་ཐག་བསྐྲུན་དགོས། སྔོན་ཐོན་དཔེ་བཟང་ཁྲིད་སྟེགས་སུ་སྐྱོད་པ་དང་སློབ་ཁང་དུ་བསྐྱོད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྔོན་ཐོན་གྱི་བྱས་རྗེས་མྱོང་ཚོར་དང་། དཔེ་བཟང་གི་སྟོབས་ཤུགས་བསྡུ་ལེན་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་ཆེན་པོ་ཟམ་མི་ཆད་པར་གཅིག་སྡུད་བཅས་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་མགོ་ཁྲིད་ཝང་ཡུས་ཆུང་དང་། མ་ཁྲང་ཞིན། ཅིན་ཝུའུ། ཡོན་མིང་ཀོང་། ཞུས་ཅ་ཞུང་བཅས་དང་།དཀར་མཛེས་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།།

  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གི་སྟར་སྡོང་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།