ལོ་ཟླའི་དྲན་པ།

སྒོ་ཡུ།        2024-01-12

ངས་ས་མ་རུབ་བར་དུ་མིག་ཆུ་བསྲན་ཐབས་བྱས།

ས་རུབ་རྗེས། ངས་རྨི་ལམ་ཞིག་གི་སྟ་གོན་བྱས།

དེ་ནི། ངས་ཁྱེད་ཁོ་ན་དྲན་པའི་ཟིན་ཐོ་ཞིག་ཡིན།

འདུ་བྲལ་གྱི་ཆོས་ཉིད་ལས།

ངས་ཁྱེད་ཉིད་བོར་ཤོར་སོང་བ་བདེན་མོད།

འཇིག་རྟེན་གྱི་སྒོ་ཐེམ་མ་བརྒལ་བར་དུ།

ནག་ཐོམ་ཐོམ་གྱི་མཚན་མོ་ཁོ་ནར།

འུ་གཉིས་མཉམ་དུ་བསྡད་ཆོག།

དྲན་གདུང་གི་མཚོ་མོ་ཡོམ་ཡོམ་གཡོ་དུས།

གཉོམ་ཆུང་བའི་མིག་ཆུ་འདི་དག།

དལ་ཅག་གེར་འགྲམ་པར་ལྷུང་འགོ་རྩོམ།

ངས་ཅིས་ཀྱང་མཚན་མོ་ལ་བསྒུག་དགོས་ཏེ།

ངའི་ལུས་སེམས་ལ་སིམ་པའི་ཨ་ཕ་ལགས།

དུས་གཏན་དུ་རྨི་ལམ་དུ་ཡང་ཡང་འཁོར་ཡོང་།



  • ལེ་ཚན་སྔོན་མ།:རྐང་འདྲེན་དུ་སྐྱེས་པའི་མི་རབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།