རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

རྟ་མགྲིན་དང་ཡེ་ཤེས་ཀྱིས་བྲིས།        2024-01-11

དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་དང་དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་དར་མདོར་འཚོགས།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

   སྤྱི་ཟླ་དང་པོའི་ཚེས11ཉིན་གྱི་སྔ་དྲོར།  དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་དང་དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་དར་མདོར་འཚོག་འགོ་བཙུགས་པ་རེད།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་པོ་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རིན་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་ཚོགས་འདུར་ཞུགས་པ་རེད།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

    ཚོགས་འདུར་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་བོད་ལྗོངས་ལྷོ་ཁ་དང་མཚོ་སྔོན་མགོ་ལོག། ཡུན་ནན་བདེ་ཆེན་དང་ཁྲེང་ཏུའུ། ནེ་ཅང་། ཏ་ཀྲོའུ། ཙེ་ཀུང་སོགས་གྲོང་ཁྱེར(ཁུལ)40ལྷག་གི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་དང་ཁུལ་རིམ་པའི་མང་ཚོགས་ཚོགས་པའི་སྡེ་ཚན་གྱིས་རྟེན་འབྲེལ་ཞུ་ཡིག་ཕུལ་བ་རེད།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

    ཚོགས་འདུར་བསྟན་དོན། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་དང་དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་འཚོག་པ་རིམ་ཁག་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡར་བརྩོན་གསར་གཏོད་དང་རྣམ་པ་གསར་གཏོད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་དང་དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ཚུན།  ཁལ་ཡོངས་ཀྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་ལས་དོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཁུལ་ཡོངས་ཀྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་ཀུན་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་བླ་མེད་ཀྱི་གསོན་ཤུགས་རྒྱས་པའི་རྣམ་པ་གསར་པ་མངོན་ཡོད།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

     ཚོགས་འདུར་རིག་རྩལ་དང་སྤྱི་ཚོགས་ཚན་རིག་ལས་དོན་པ་རྒྱ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་བ་དང་ཡང་དག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། མི་གསར་སྐྱེད་སྲིང་། རིག་གནས་དར་སྤེལ། གཟུགས་རྣམ་སྟོན་པ་བཅས་ཀྱི་ལས་འགན་ལ་དམིགས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་དཀར་མཛེས་ཁུལ་རིག་རྩལ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དེ་རྩ་བའི་ལས་འགན་དུ་བརྩི་ཞིང་། དུས་རབས་ཀྱི་འཕར་རྩར་སྟངས་འཛིན་བྱས་ནས་ལྟ་བ་གསར་པ་མངོན་པ་དང་རིགས་གཞུང་གསར་གཏོད། ཐབས་ཇུས་གསར་འདོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རིག་རྩལ་དང་སྤྱི་ཚོགས་ཚན་རིག་ལས་དོན་པའི་ཐུན་མོང་མ་ཡིན་པའི་བསམ་བློ་དང་བརྩེ་སེམས། མཛེས་དཔྱད་བཅས་ཀྱི་ཐོག་ནས་དུས་རབས་འདིར་དབང་བ་དང་དཀར་མཛེས་ཁུལ་གྱི་ཉམས་འགྱུར་མངོན་པའི་བརྩམས་ཆོས་ཕུལ་བྱུང་གསར་རྩོམ་བྱ་དགོས། མི་དམངས་གཙོ་བོར་འཛིན་པའི་གསར་གཏོད་ཀྱི་ཁྲིད་ཕྱོགས་དང་ཞིབ་འཇུག་གི་ཁྲིད་ཕྱོགས་གསལ་སྟོན་བྱས་ཏེ། འཚོ་བར་ཟབ་ཞུགས་དང་དམངས་དང་ཉེ་བཅར། དམངས་ལ་ཞབས་འདེགས་ཞུ་བ་བཅས་རིག་རྩལ་གསར་རྩོམ་དང་རིགས་གཞུང་ཞིབ་འཇུག་གི་གཞི་རྩའི་རྣམ་འགྱུར་དུ་འཛིན་པ་དང་། བརྗོད་བྱ་གཏིང་ཟབ་པའི་བརྩམས་ཆོས་ཀྱིས་རྒྱ་ཆེ་བའི་མང་ཚོགས་ཀྱི་དྲིན་ལན་གཞལ་ནས་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ལ་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། གཞུང་དྲང་སྤྱོད་གཙང་མཐའ་འཁྱོངས་ནས་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་ཧུར་ཐག་བྱ་དགོས། རྒྱ་ཆེ་བའི་ཕུགས་འདུན་དོན་གཉེར་དང་ཁྱིམ་དང་རྒྱལ་ཁབ་ལ་བརྩེ་འདང་ཟབ་མོ་བཅངས་ནས་ཁ་བཤད་དོན་ལ་གནས་པ་དང་བྱ་སྤྱོད་ཚད་དང་ལྡན་པར་བྱས་ནས་སྤྱི་ཚོགས་ཀྱི་མིག་དཔེ་བལྟ་སར་འབད་བརྩོན། སྤྱོད་ཡོན་གཉིས་ལྡན་དང་སྤྱོད་པ་གཙོར་འཛིན་རྒྱུན་འཁྱོངས། སྤུས་ཀ་དང་སྤྱོད་ལམ།  འགན་འཁྲི་བཅས་ལ་དང་དོད་བྱེད་པའི་སྒྱུ་རྩལ་པ་དང་ཤེས་ཡོན་པར་བརྩོན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

རང་ཁུལ་གྱི་རིག་རྩལ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་གྲོས་ཚོགས་འཚོགས།

    ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི། ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི། དེ་བཞིན་དཀར་མཛེས་ཁུལ་ནས་ཡིན་པའི་སྒྱུ་རྩལ་མཁས་ཅན་རྒན་གྲས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:​ད་ལྟ་སྨན་ཉོ་སར་འགྲོ་དུས་ངོ་བཤེར་ན་ཆོག་གི་འདུག།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གི་རྫོང་གྲོང་རྣམ་པ་བཟང་ལ་གཞིས་མིའི་སྐྱིད་སྣང་ཆེ།
  • དོ་སྣང་ཆེ་བའི་རྩོམ།