སྐལ་ཐུབ་ཀྱིས་བསྒྱུར། 2024-01-12
རིག་གནས་ཀྱི་བྲོ་བས་ཕྱུག་པའི་རྫ་མའི་ཇ་སྣོད་སྤུས་དག།
ཉེ་ཆར། ཀྲེ་ཅང་རོགས་འཛུགས་ལས་སྒྲུབ་རུ་ཁག་གི་རྒྱབ་སྐྱོར་འོག། འདབ་པ་རྫོང་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ཀྲེ་ཅང་རྫ་སྨུག་བཟོ་རྩལ་དང་འདབ་པའི་ཨ་སྐྱིད་རྫ་མའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཚོ་བསྡུས་ནས། ཉི་སྟེན་མྱོང་རོལ་ལྟེ་གནས་སུ་ཨ་སྐྱིད་རྫ་མ་དང་རྫ་སྨུག་བཟོ་རྩལ་སྐོར་གྱི་སྤེལ་རེས་དང་དཔྱད་གཞི་འཛིན་རེས་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་རིང་ལ་ལྟེ་གནས་དེས་ཉི་སྟེན་རིག་གནས་གསར་འཆར་གྱི་ཇ་སྣོད་ཚན་འབོར་ཞིག་ལྟད་མོ་བའི་མིག་ལམ་དུ་བསྟན་པ་དང་། ཇ་སྣོད་ཁག་ལ་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་སྟེ་རིགས་གསུམ་མགོན་པོའི་མཚན་གསོལ་ཡོད།
ཉེ་བའི་ལོ་ཤས་རིང་ལ། འདབ་པ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་ལས་བཟོ་ཁང་བཙུགས་པ་དང་འབྲེལ་ཞིང་པར་སྐུལ་ཁྲིད་ཐུབ་པའི་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ནང་སྲོལ་བརྟེན་ནས་རྫ་མའི་དེང་རབས་ཐོན་རྫས་གསར་པ་བཟོ་བ་དང་། ཡུལ་སྡེའི་རྫ་མཁན་གསོ་སྐྱོང་དང་ཡུལ་སྡེའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་གསར་འཆར་ཤེས་ལྡན་མི་སྣ་སྐྱེད་སྲིང་མ་ལག་འཐུས་ཚང་བཏང་ཞིང་། རིག་གནས་གསར་འཆར་གྱི་ཐོན་རྫས་གསར་པ་བཟོས་ཏེ། སྲོལ་རྒྱུན་ལག་རྩལ་ཐོན་རྫས་ཀྱི་ཚོང་རྫས་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་ཆབས་ཅིག་ས་གནས་དེ་གའི་ལག་རྩལ་མི་སྣའི་ཡོང་འབབ་མང་དུ་བཏང་ཡོད།
སླད་ཕྱིན་འདབ་པ་རྫོང་གིས་མ་དངུལ་སྒོར་ས་ཡ4བཏང་ནས། གཟུགས་མེད་རིག་གནས་ཤུལ་བཞག་ཨ་སྐྱིད་རྫ་མའི་ལས་བཟོ་ཁང་དཔེ་སྟོན་སར་བྱས་ཏེ། རྫོང་ཡོངས་ཀྱི་ཡུལ་སྡེ་མང་པོར་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི་གཉེར་བ་དང་། ཡུལ་སྐོར་མི་འབོར་ཆེ་བའི་གྲོང་རྡལ་དུ་སྲོལ་རྒྱུན་ཡུལ་སྡེའི་གཟུགས་མེད་རིག་གནས་ཤུལ་བཞག་ངོ་སྤྲོད་དང་སྲོལ་རྒྱུན་ལག་བཟོའི་གོ་རིམ་སྟོན་པའི་མྱོང་རོལ་ཁང་འཛུགས་ཤིང་། ཨ་སྐྱིད་རྫ་མ་གཙོས་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་ལེགས་སྒྲིག་བྱས་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་ཐོན་རྫས་ཀྱི་བཀོལ་སྤྱོད་ཁྲོམ་ར་རྒྱ་སྐྱེད་ཅིང་ནང་དོན་ཕུན་སུམ་ཇེ་ཚོགས་དང་གསོན་ཉམས་ཇེ་ཆེར་གཏང་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10